RFA Mobile & Tablet Applications


2014.01.06

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལག་འཁྱེར་ཁ་པར་དང་རྩིས་འཁོར་གྱི་མཉེན་ཆས། ཁྱེད་ཀྱི་ལག་འཁྱེར་ཁ་པར་དང་རྩིས་འཁོར་ཡོ་བྱད་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་རིམ་དང་གནས་ཚུལ་ཆ་ཚང་ཐད་ཀར་གཟིགས་ཐུབ། གཤམ་འཁོད་ཁྱད་ཆོས་ལྡན་ཡོདཿ

• དབྱིན་སྐད་ཐེ་བའི་རྒྱལ་སྤྱིའི་སྐད་གདངས་བཅུའི་ནང་བཀོད་སྒྲིག་བྱེད་ཐུབ།

• པར་དང་བརྙན་པར་དང་།སྒྲ་ལྡན། ཡིག་ཐོག་གནས་ཚུལ་གཟིགས་ཐུབ།

• ང་ཚོའི་དྲ་གནས་བཀག་ཡོད་ན་གསང་བའི་དྲ་གནས་Psiphonབརྒྱུད་གཡོལ་ནས་གཟིགས་ཐུབ།*

• གསར་འགྱུར་གསར་པའི་བརྡ་ལན་འཕྲལ་དུ་འབྱོར་ཐུབ།

• Setting ནས་Low-Bandwith Mode ལ་བསྒྲིགས་ནས་གནས་ཚུལ་ཕབ་ལེན་མྱུར་དུ་གཏོང་ཐུབ།

• ཡོ་བྱད་ཐོག་གནས་ཚུལ་ཕབ་རྗེས་དྲ་རྒྱར་མ་མཐུད་པར་ལྟ་ཀློག་ཉན་གསུམ་བྱེད་ཐུབ།

• དྲ་རྒྱའི་གནས་ཚུལ་ཁག་རང་མོས་ལྟར་སྒྲིག་ཐུབ།

• འདོད་མོས་ཆེ་བའི་གནས་ཚུལ་གློག་འཕྲིན་དང༌།Twitter Facebook སོགས་དྲ་བའི་སྡིངས་ཆའི་ཐོག་འགྲེམས་ཐུབ།

 

*ད་ལྟའི་ཆར་Android ཡོ་བྱད་ཁོ་ནའི་ཐོག་ཕབ་ཐུབ། Psiphon ཕབ་ལེན་བྱ་ཡུལ་ https://s3.amazonaws.com/0ubz-2q11-gi9y/en.html .

ཕབ་ལེན་གྲུབ་རྗེས་setting ནས་Psiphonསྤྱོད་ཕྱོགས་ནུས་ལྡན་བཟོ་དགོས། རིང་མིན་ཁྱད་ཆོས་དང་དུས་བསྟུན་ཁ་གསབ་གསར་པ་གོ་སྒྲིག་ཞུ་རྒྱུ་ཡིན།

ཡོ་བྱད་བེད་སྤྱོད་བྱེད་སྐབས་དཀའ་ངལ་ལམ་བསམ་འཆར་སོགས་ཡོད་དམ། ང་ཚོར་ངེས་པར་གསུང་རོགས། rfaaps@gmail.com

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎