བོད་མི་གཉིས་ནས་བོད་དོན་ཆེད་རང་ལུས་མེ་སྲེག

དེ་རིང་སླར་ཡང་བོད་ནང་བོད་མི་གཉིས་ཀྱིས་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ།
2012-12-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་མི་གཉིས་ནས་རང་ལུས་མེ་སྲེག
མདོ་སྨད་ཀླུ་ཆུ་རྫོང་ཁོངས་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་པའི་པདྨ་རྡོ་རྗེ་ལགས་ཀྱིས་རང་ལུས་མེ་སྲེག་གཏོང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀུན་བཟང་བསྟན་འཛིན།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན། བོད་མདོ་སྨད་ཀླུ་ཆུ་རྫོང་ཁོངས་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་པའི་རང་ལོ་ ༢༣ ལ་སོན་པའི་པདྨ་རྡོ་རྗེ་ཞུ་བ་ཞིག་དང་། བོད་ཨ་མདོ་རྔ་པ་ཁུལ་མཛོད་དགེ་འབྲིང་བའི་སུམ་མདོ་དགོན་པའི་གྲྭ་དཀོན་མཆོག་འཕེལ་རྒྱས་ཞུ་བ་རྣམ་གཉིས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེ་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་པའི་སྐོར། གནས་ཚུལ་རྒྱུས་ཡོད་ཀྱི་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

བོད་ཨ་མདོ་རྔ་པ་ཁུལ་མཛོད་དགེ་འབྲིང་བའི་སུམ་མདོ་དགོན་པའི་གྲྭ་དཀོན་མཆོག་འཕེལ་རྒྱས་ལགས་ཀྱིས་རང་ལུས་མེ་སྲེག་གཏོང་བཞིན་པ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།