གྲྭ་པ་ལྔ་འཛིན་བཟུང༌།

གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་བསྲེགས་རྗེས་རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས།
2012-12-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ལྷ་སྡེ་འབོ་ར་དགོན་པའི་གྲྭ་ལྔ་འཛིན་བཟུང༌།
གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་བསྲེགས་རྗེས་རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་འདུག
བོད་ནས་བཏང་འབྱོར།

༄༅༎ཕྱི་ཟླ་༡༢ཚེས་༢ཉིན་མདོ་སྨད་བླ་བྲང་འབོ་རའི་གཟུངས་འདུས་སྐྱབས་ལགས་ཀྱིས་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེར་སྲེག་བཏང་རྗེས།ཕྱི་ཚེས་༣ཉིན་ཨ་མཆོ་ས་གནས་ཉེན་རྟོག་པ་དང་།འབོ་ར་ཤང་སྲིད་གཞུང་གི་ལས་བྱེད་པས་ལྷ་སྡེ་འབོ་ར་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག དགེ་འདུན་པ་ལྔའི་ངོ་སྤྲོད་ནི། དགེ་འདུན་རྒྱ་མཚོ། བློ་བཟང་འཕགས་པ། འཇམ་དབྱངས་བཟོད་པ། འཇམ་དབྱངས་བློ་གྲོས། འཇམ་དབྱངས་རྒྱ་མཚོ་བཅས་ཡིན་པའི་སྐོར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ཞིག་གུ་རུ་ཆོས་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎