༄༅།།ཕྱི་ཟླ་ ༡༠ ཚེས་ ༨ རེས་གཟའ་ཟླ་བའི་དགོང་དྲོ་ཆུ་ཚོད་ ༦་༣༠ ཐོག་བོད་མི་མང་སྤྱི་འཐུས་ཀྱི་བདེན་པའི་མེ་ལྕེ་དེ་བཞིན་ནེའུ་ཛེ་ལེནཌའི་གྲོང་ཁྱེར་ཆེན་མོ་ཨོཀ་ལེནཌ་དུ་འབྱོར་སྐྱབས་ས་གནས་བོད་མི་ཚོས་བོད་ཆས་ལེགས་པར་སྤྲས་ནས་བསུ་བ་ཞུས་ཡོད་པ་དང༌།བོད་རིགས་ཚོགས་པའི་ཚོགས་གཙོ་བགྲེས་གཞོན་དང་ཚོགས་མི།བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི།རྒྱ་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཚོགས་མི་དང་ཆོས་ཚོགས་ཁག་ཅིག་གི་དགེ་སློབ་སོགས་ཁྱོན་མི་གྲངས་༥༠་ཙམ་ཆེད་ཕེབས་ཐོག་ཨོས་ཊརེ་ལི་ཡ་ནས་བདེན་པའི་མེ་ལྕེ་འདིར་སྐོར་མཁན་བུད་མེད་བཀྲིས་ལགས་ཀྱིས་བདེན་པའི་མེ་ལྕེ་དེ་བཞིན་འདི་ཁུལ་གྱི་བོད་རིགས་ཚོགས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་སུ་བརྒྱུད་སྤྲོད་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ར་ལོ་དོན་ལྡན་ལགས་དང་།ས་གནས་བོད་མི་རིན་ཆེན་དོན་གྲུབ་ལགས་གཉིས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎