ཨོ་སྦ་མ་བསྐྱར་འདེམས་བྱུང་བ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ཨོ་སྦ་མ་མཆོག་ལ་འཚམས་འཕྲིན་ཞིག་ཕུལ་ཡོད་པ།
2012-11-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཨོ་སྦ་མ་བསྐྱར་འདེམས་བྱུང་བ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ཨོ་སྦ་མ་མཆོག་ལ་འཚམས་འཕྲིན་ཞིག་ཕུལ་ཡོད་པ།
ཨེ་ཨེཕ་པི།

༄༅༎ཕྱི་ཟླ་༡༡ཚེས་༦རེས་གཟའ་མིག་དམར་གྱི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིིའི་སྲིད་འཛིན་ Barack Obama བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བ་དེར་འཚམས་འདྲི་ཞུས་གནང་བ་དང་འབྲེལ། ཁོང་གི་འཛིན་སྐྱོང་ནས་བོད་ཀྱི་མ་འོངས་བཟང་པོ་ཞིག་དང་ཡག་པོ་ཞིག་ཡོང་ཐབས་ཐད་དགོངས་བཞེས་གནང་དགོས་རྒྱུའི་རེ་བསྐུལ་གནང་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་ཀྱང་ཨོ་སྦ་མ་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས་བོད་ནང་བོད་མི་གཅིག་རྗེས་གཉིས་མཐུད་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྤེལ་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་ཐུགས་བསམ་དགོས་པ་དང༌།རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་བོད་ནང་གི་གནས་སྟངས་ཐོག་གླེང་དགོས་པའི་འཕྲིན་ཡིག་ཅིག་བཏང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎