སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ནང་གསན་ཞིབ།

2013-02-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ནང་གསན་ཞིབ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཁེ་ན་ཌའི་གྲོས་ཚོགས་སུ་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་ལམ་ནས་དཀའ་ངལ་སེལ་ཐབས་ཆེད་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུས་པ།
ཁེ་ན་ཌའི་གྲོས་ཚོགས།

༄༅༎ཕྱི་ཟླ་༢ཚེས་༢༦རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང༌། ལྷག་པར་བོད་ནང་གི་རང་ལུས་མེར་སྲེག་དང་བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་བྱུས། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་མེད་པའི་དཀའ་ངལ་སོགས་ཀྱི་ཐོག་ངོ་སྤྲོད་གནང་བ་དང་།ཁེ་ན་ཌའི་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་ལམ་ནས་དཀའ་ངལ་སེལ་ཐབས་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འབོད་ཞུས་རྗེས་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་རྣམ་པ།དེ་བཞིན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་སོགས་དང་མཇལ་མོལ་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པ་ཀརྨ་རྡོ་རྗེ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས༎