ཤེས་རབ་མཚན་སྤེལ་བཟུང་འདུག

རྒྱ་མིའི་ཉེན་རྟོག་པས་སེ་ར་དགོན་པའི་དགེ་འདུན་པ་ཤེས་རབ་མཚན་སྤེལ་འཛིན་བཟུང་བྱས་འདུག
2012-10-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཤེས་རབ་མཚན་སྤེལ་བཟུང་འདུག
རྒྱ་མིའི་ཉེན་རྟོག་པས་སེ་ར་དགོན་པའི་དགེ་འདུན་པ་ཤེས་རབ་མཚན་སྤེལ་འཛིན་བཟུང་བྱས་འདུག
བོད་ནས་བཏང་འབྱོར།

༄༅༎ལྷ་སའི་སེ་ར་དགོན་པ་ནས་དགེ་འདུན་པ་ཤེས་རབ་མཚན་སྤེལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་ཚན་པ་ནས་འཛིན་བཟུང་བྱས་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཐད་ཀར་འབྱོར་བའི་གནས་ཚུལ་ནང་ལོ་ན་༣༧ལ་སོན་པའི་སེ་ར་དགོན་པའི་དགེ་འདུན་པ་ཤེས་རབ་མཚན་སྤེལ་ཟླ་བ་འདིའི་ཚེས་༤ཉིན་གྱི་དགོང་མོ་གཞུང་ཕྱོགས་ཀྱི་ཉེན་རྟོག་བདེ་འཇགས་མི་སྣས་ཁོང་བཞུགས་ཡུལ་སེ་ར་སྔགས་པ་གྲ་ཚང་གི་སྤྱི་ཁང་གྲ་ཤག་ནས་འཛིན་བཟུང་བྱས་ཤིང་།  དེའི་སྐབས་གསང་བ་ཆེན་པོ་བྱས་རྐྱེན་གཡས་གཡོན་གྲ་ཤག་གི་དགེ་འདུན་པ་ཚོས་ཀྱང་ཤེས་རྟོགས་ཐུབ་མི་འདུག ཡང་སེ་ར་དགོན་པའི་ནང་བཤད་སྲོལ་ལྟར་ན།  ཁ་པར་བརྒྱུད་ཕྱི་ལ་གནས་ཚུལ་མཁོ་སྤྲོད་དང་། ཡང་ན་ཁ་པར་ཐོག་དོགས་གཞིའི་གནས་ཚུལ་ཡོད་པ་བརྗོད་ན་ཡང་ཁ་པར་གྱི་གནད་དོན་གཅིག་པུ་མིན་པར་ངོས་འཛིན་བྱ་མཁན་ཡང་ཡོད་འདུག  ཤེས་རབ་མཚན་སྤེལ་འཛིན་བཟུང་བྱས་པའི་རྗེས་ཁོང་གི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་འགྱུར་ཡོད་འདུག་ལ། དགོན་པའི་ནང་དེའི་སྐོར་གླེང་རྒྱུར་དོགས་ཟོན་དང་བཀག་འགོག་བྱེད་ཀྱི་ཡོད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།