གཞུང་འབྲེལ་སྨོན་ལམ།

སྙིང་དཀར་བཀྲ་ཤིས་དང་སྙིང་ལྕགས་འབུམ་གཙོས་བོད་དོན་ལས་འགུལ་བའི་ཆེད་མཆོད་འབུལ་སྨོན་ལམ།
2012-11-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གཞུང་འབྲེལ་སྨོན་ལམ།
སྙིང་དཀར་བཀྲ་ཤིས་དང་སྙིང་ལྕགས་འབུམ་གཙོས་བོད་དོན་ལས་འགུལ་བའི་ཆེད་མཆོད་འབུལ་སྨོན་ལམ།
བསྟན་འཛིན་དོན་ཡོད།

༄༅༎ཕྱི་ཟླ་༡༡ཚེས་༡༤རེས་གཟའ་ལྷག་པའི་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་བཞུགས་ཀྱིས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཞིག་ཚོགས་འདུག
རྒྱ་ནག་གཞུང་ནས་བོད་མིའི་ཐོག་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན། ཕྱི་ཚེས་ ༡༢ ཉིན་མདོ་སྨད་རེབ་གོང་ནས་སྙིང་དཀར་བཀྲ་ཤིས་ལགས་དང། སྙིང་ལྕགས་འབུམ་ལགས་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེ་དག་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་དེ་རིང་ཕྱི་ཚེས་ ༡༤ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག ཁོང་རྣམ་གཉིས་ཀྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བཏང་གནང་བའི་གཞིས་བཞུགས་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་རྗེས་དྲན་ཞུ་སླད་ ཕྱི་དྲོ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་གཤོམ་དང་འབྲེལ་མཆོད་འབུལ་སྨོན་ལམ་ཟམ་རྒྱས་ཞིག་ཚོགས་ཡོད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།