ཨ་རུ་ན་ཅལ་ཁུལ་གྱི་ཆིབས་བསྒྱུར་ནི་ཆོས་འབྲེལ་ཁོ་ན་ཡིན།

༧གོང་ས་མཆོག་གིས་གསར་འགོད་པར་ཨ་རུ་ན་ཅལ་ཁུལ་གྱི་ཆིབས་བསྒྱུར་འདི་ཆོས་འབྲེལ་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་བཀའ་གནང་འདུག།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུབ་བསྟན་དར་ཡར་གླིང་དགོན་པའི་ཕྱི་ལོགས་ལ་གསར་འགོད་པར་བཀའ་མོལ་གནང་བཞིན་པ།

༄༅། །༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་ཨ་རུ་ན་ཅལ་ཁུལ་གྱི་ཆིབས་བསྒྱུར་འདི་ཆོས་འབྲེལ་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་སོགས་གསར་འགོད་པར་བཀའ་གནང་ཡོད་པའི་སྐོར། འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

 

 

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།