རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པའི་གནད་དོན་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་།

2017-12-30
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཝ་ན་བོད་ཀྱི་ཆེས་མཐོའི་ཤེས་ཡོན་ལྟེ་གནས་ཁང་དུ་༧གོང་ས་མཆོག་ནས་རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པའི་གནད་དོན་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་ཐོག་བཀའ་སློབ་སྩོལ་བཞིན་པ།
ཝ་ན་བོད་ཀྱི་ཆེས་མཐོའི་ཤེས་ཡོན་ལྟེ་གནས་ཁང་དུ་༧གོང་ས་མཆོག་ནས་རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པའི་གནད་དོན་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་ཐོག་བཀའ་སློབ་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། སངས་རྒྱས་རྒྱ་མཚོ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ཝ་ན་བོད་ཀྱི་ཆེས་མཐོའི་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་འོག་སློབ་གྲྭ་འདི་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་ནང་གི་སེམས་ཁམས་རིག་པའི་གནད་དོན་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་ཅིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་ནང་སེམས་ཁམས་རིག་པའི་སྐོར་གསུངས་པ་དེ་དག་ནི་སེམས་མ་དུལ་བ་འདུལ་བར་བྱེད་པའི་ཐབས་ལམ་སྐོར་ཧ་ཅང་ཞིབ་ཚགས་པོའི་ཐོག་གསུངས་ཡོད་པ་དེ་དག་ནི། དེང་སང་གི་དུས་སུ་ཡང་དགོས་མཁོ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པ་བཀའ་གནང་ཞིང་། སྡུག་བསྔལ་ནི་འདོད་ཆགས་དང་ཞེ་སྡང་། ང་རྒྱལ་དང་ཁོང་ཁྲོ་སོགས་ཉོན་མོངས་ཅན་གྱི་སེམས་ནས་ཡོང་གི་ཡོད་སྟབས། སེམས་ཆགས་སྡང་གི་དབང་དུ་མ་སོང་བའི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་དགོས་པ་དང་། འདི་ནི་ཉོན་མོངས་ཅན་གྱི་སེམས་དེ་དག་མེད་པ་བཟོ་བའི་ཐོག་ནས་ཡོང་དགོས་པ་ཞིག་ཡིན་པ་བཀའ་གནང་འདུག
ཉིན་གྲངས་གཉིས་རིང་གི་བགྲོ་གླེང་གི་ཚོགས་འདུ་འདིའི་ཐོག། མཉམ་མེད་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་ཁག་གཅིག་དང་། དེ་བཞིན་རྒྱ་གར་བ་དང་ནུབ་ཕྱོགས་ཚན་རིག་མཁས་པ་སོགས་མཉམ་ཞུགས་གནང་ཡོད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེ་ལྡན་པའི་སྤྱི་ཚོགས་ཞིག་བཟོ་དགོས་པ་བཀའ་གནང་ཞིང་། དམག་འཐབ་ཀྱི་བྱ་སྤྱོད་ནི་འདས་ཟིན་པའི་རང་བཞིན་ཞིག་ཡིན་པ་དང་།  ལྷག་པར་དུ་འཛམ་གླིང་ནང་གཏོར་བཤིག་ངན་ཚབས་ཆེ་བ་རྡུལ་ཕྲན་མཚོན་ཆ་ལྟ་བུ་གསོག་འཇོག་ཆེན་པོ་ཡོད་པའི་དུས་འདིར། ཞེ་སྡང་དང་ཁོང་ཁྲོའི་ལམ་ནས་འཛམ་གླིང་ཡོངས་རྫོགས་སྟོང་པར་བྱེད་སྲིད་པའི་ཉེན་ཁ་ཡོད་པར་བརྟེན། བྱམས་བརྩེ་གོང་འཕེལ་དང་དེ་དག་ཉམས་ལེན་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་འགྲོ་བ་མི་གནས་ཡུལ་ས་ཡི་གོ་ལ་འདི་ལས་མེད་སྟབས། གོ་ལའི་ཁོར་ཡུག་གི་གནས་བབས་ལ་བདག་གཅེས་ངེས་པར་བྱེད་དགོས་པ་དང་། དེ་ཡང་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་ཐོག་ནས་བག་ཡོད་བསྟེན་དགོས་པ་གསུངས་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།