༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་ཁུལ་གྱི་ཆིབས་བསྒྱུར་དང་མཛད་འཆར།


2017.09.16
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་ཁུལ་གྱི་ཆིབས་བསྒྱུར་དང་མཛད་འཆར། ༢༠༡༧།༩།༡༤།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་ཕེརེངྐཕོཌ་གྲོང་ཁྱེར་དུ་ ཚན་རིག་དང་ནང་པའི་ལྟ་ཚུལ་གྱི་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་བསྩལ་བ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་དབྱིན་ཇི་མངའ་འོག་བྱང་ཨེར་ལནཌི་ཡི་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དང༌། ཇར་མན་གྱི་གྲོང་ཁྱེར་ ཕེ་རེངྐ་ཕརཊ་ནང་ལ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ། དེ་བཞིན་ཨི་ཊ་ལིའི་མངའ་སྡེ་སི་སི་ལིའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་མཛད་པ་སོགས་༧གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཆར་དང་འབྲེལ་བའི་སྐོར། དབྱིན་ཇིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་དགའ་ལགས་དང་། སུ་སིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས། དེ་བཞིན་འཇར་མན་བོད་ཁང་གི་འགན་འཛིན་ཕུན་ཚོགས་ཚེ་རིང་ལགས་བཅས་རྣམ་པ་གསུམ་དང་ལྷན་དུ། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎

 

 

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎