བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་མ་འོངས་པར་བོད་ཀྱི་བཙུན་མ་ཚོས་ཀྱང་བཀའ་ཤག་གི་ལྟ་གྲུབ་གསུམ་ག་ལག་བསྟར་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ།

༢༠༡༧།༡༠།༠༢།བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་སྲུང་བརྩི།

༄༅། །༢༠༡༧ཟླ་༡༠པའི་ཚེས་༢ཉིན། བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲེམ་དུ་ཡོད་པའི་སྐོར་བཙུན་དགོན་སྒྲོལ་མ་གླིང་དུ། བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་མ་འོངས་པར་བོད་ཀྱི་བཙུན་མ་ཚོས་ཀྱང་བཀའ་ཤག་གི་ལྟ་གྲུབ་གསུམ་ག་ལག་བསྟར་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་སངས་རྒྱས་རྡོ་རྗེ།