ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང༌།


2016.08.11
ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང༌། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང༌ཐོག་མ་གསར་འཛུགས་ཀྱི་དགོས་དོན་སྙིང་པོ།
ཏཱ་ལའི་བླ་མའི་མཐོ་སློབ་ཁང༌།

༄༅༎ཐེངས་འདིའི་ཁ་བའི་གྲོས་ར་ལེ་ཚན་ནང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་འཁྱེར་དུ་ (Bangalore) རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་ཐོག་མ་གསར་འཛུགས་ཀྱི་དགོས་དོན་སྙིང་པོ་དང་ད་ལྟའི་བར་ལས་དོན་ཆེ་བ་ཁག་གང་རེ་སྒྲུབ་ཐུབ་ཡོད་མེད་དང་ཡང་མ་འོངས་པའི་ཁ་ཕྱོགས་སྐོར་བགྲོ་གླེང་བྱེད་རྒྱུ་ཡིན་།གདན་ཞུ་སྐུ་མགྲོན་ཁག་ནི་མཐོ་རིམ་སློབ་གཉེར་ཁང་དེའི་སློབ་སྤྱི་འབུམ་པ་བུ་མོ་ཚེ་རིང་ལགས་དང་སློབ་གཉེར་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སྒྲོལ་དཀར་སྐྱིད་ལགས་དང་ཡང་ཉེ་བའི་ཆར་ཏཱ་ལའི་བླ་མའི་ཆེས་མཐོའི་སློབ་གཉེར་ཁང་གི་བོད་ཡིག་རིག་གནས་རབ་འབྱམས་ཐོག་སློབ་ཐོན་པ་ངག་དབང་ནོར་བུ་ལགས་དང་རྒྱ་ཡིག་རིག་གནས་འབྱམས་སློབ་ཐོན་པ་ཟླ་བ་བཟང་མོ་བཅས་ཁོང་བཞི་དང་་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླིང་མོལ་བྱས་པར་ཉན་རོགས༎
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎