ཡིག་རྒྱུགས་རྩེར་སོན་གསེར་གྱི་གཟེངས་རྟགས་ཐོབ་པ།


2014.02.06
སྐལ་བཟང་མཚོ་མོ་ལགས། བུ་མོ་སྐལ་བཟང་མཚོ་མོ་ལ
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་རིགས་སློབ་ཕྲུག་བུ་མོ་ཞིག་ལ་རྒྱ་གར་གྱི་ཚོང་རིགས་ཐོག་གི་ཡིག་རྒྱུགས་རྩེར་སོན་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཨན་དར་བྷར་རྡི་ཤི་མངའ་སྡེའི་ནང་ཡོད་པའི་Marys tella མཐོ་སློབ་ཁང་ནང་དུ། ཕྱི་ཟླ་དང་པོའི་ཚེས་༣༠ཉིན་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་བ་དང་འབྲེལ་ཡིག་རྒྱུགས་ནང་གྲུབ་འབྲས་རྩེར་སོན་རྣམས་ལ་ཕུལ་བྱུང་གཟེངས་རྟགས་གནང་ཡོད་པའི་ཁྲོད་བོད་པའི་སློབ་ཕྲུག་བུ་མོ་སྐལ་བཟང་མཚོ་མོ་ལགས་སུ་ཚོང་རིགས་ཐོག་ཕུལ་བྱུང་གསེར་གྱི་གཟེངས་རྟགས་བྱ་དགའ་ཐོབ་ཡོད་འདུག བུ་མོ་སྐལ་བཟང་མཚོ་མོ་ལགས་ཀྱིས་ཁོང་རང་ལ་ད་རེས་གསེར་གྱི་གཟེངས་རྟགས་ཐོབ་པ་དེར་བསམ་ཡུལ་ལས་འདས་པའི་དགའ་ཚོར་བྱུང་བ་དང་།  དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་གཞུང་གི་བཀའ་དྲིན་དང་གསོ་སྐྱོང་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་བརྗོད་ཡོད།
བོུ་སྐལ་བཟང་མཚོ་མོ་ལགས་ཕྱི་ཟླ་༡༩༩༠ཐམ་པ་ལོར་བོད་ཁམས་གོ་མཇོའི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཡོད་པ་དང་།  ཕྱི་ལོ་༡༩༩༦ལོར་ཁོང་ལོ་དྲུག་ལ་སོན་པའི་སྐབས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ནས། འཛིན་གྲ་དང་པོ་ནས་བཅུ་པ་བར་རྒྱ་གར་གོར་པ་པུར་བོད་ཁྱིམ་སློབ་གྲའི་ནང་སློབ་སྦྱོང་གནང་བ་དང་།  དེ་རྗེས་བྷེ་ཀོབ་བོད་ཕྲུག་ཁྱིམ་སྡེའི་ནང་ཚོང་རིགས་ཐོག་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ལོ་གཉིས་སློབ་སྦྱོང་གནང་ཡོད་པ་རེད།  དེ་རྗེས་Mary stellaམཐོ་སློབ་ནང་ལོ་གསུམ་རིང་སློབ་སྦྱོང་གནང་རྗེས་ད་ཆ་རྒྱ་གར་གྱི་ལྷོ་ཕྱོགས་Montgomeryམཐོ་སློབ་ཁང་དུ་ཚོང་རིགས་ཐོག་ལོ་དང་པོའི་སློབ་སྦྱོང་གནང་བཞིན་ཡིན་པ་རེད།   
གསར་འགོད་པ་འཆི་མེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎