མཚོ་སྔོན་པོའི་ལྷོ་རྒྱུད་མཚོ་ཁའི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་ངལ་འཕྲད་བཞིན་པའི་སྐོར་གྱི་གནས་ཚུལ།
མཚོ་སྔོན་པོའི་ལྷོ་རྒྱུད་མཚོ་ཁའི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་ངལ་འཕྲད་བཞིན་པའི་སྐོར་གྱི་གནས་ཚུལ།
རྒྱ་གཞུང་ལ་འབོད་སྐུལ་གྱི་སྙན་ཞུ།
༄༅༎མཚོ་སྔོན་པོའི་ལྟ་སྐོར་དོ་དམ་ལས་ཁུངས་ཀྱིས་མཚོ་སྔོན་པོའི་འགྲམ་གྱི་གུང་ཧོ་རྫོང་ཅང་ཤེས་ཞང་རྨོག་རུ་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་ལག་ནས་རྩྭ་ས་དང་ཞིང་ས་བཙན་ཤེད་ཀྱིས་བསྡུ་ལེན་བྱེད་འཆར་ཡོད་པར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་རྟེན་ཐད་དཀའ་ངལ་འཕར་མ་འཕྲད་བཞིན་ཡོད་འདུག
ཉེ་ཆར་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན།ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་དྲུག་པའི་ནང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སྟེ་བོད་སྐད་དུ་གསེར་ཆེན་རྫོང་དུ་འབོད་པའི་སྲིད་གཞུང་གིས་རྫོང་དེའི་ཅང་ཤེས་ཞང་རྨོག་རུ་སྡེ་གསར་ལ་རྩྭ་ས་བསྡུ་ལེན་བྱེད་འཆར་གྱི་བརྡ་སྦྱོར་ཞིག་བཏང་ནས།སྡེ་བ་དེས་ས་ཞིང་མུའུ་ཆིག་ཁྲི་ལྔ་བརྒྱ་བསྡུ་ལེན་བྱེད་རྩིས་ཡོད་པ་དང་།བརྡ་ཐོ་བཏང་བའི་ནང་རོལ་གྱི་ས་ཆ་དེ་ནས་ཁང་པ་གསར་རྒྱག་དང་ཞིང་ནགས་སོགས་བཏབ་པ་ཡིན་ན་རྗེས་སུ་གུན་གསེབ་གང་ཡང་སྤྲོད་རྒྱུ་མིན་ཚུལ་བརྗོད་འདུག།།
|
|
གཞན་ལ་ཐོངས། |
|
|
གནས་ཚུལ་ཕབ་ལེན་བྱེད་པ། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ལོ་རྒྱུས་ཐོག་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིག་ཆ་དྲིལ་བསྒྲགས།
བོད་ནང་དཔལ་འབྱོར་འཛུགས་བསྐྲུན་ཡར་རྒྱས་སྐོར་གཏམ་བཤད།
མུན་ནག་གི་ཉིན་མོ་ཞེས་པར་དྲན་གསོ།
བོད་རང་བཙན་བསྐྱར་གསོའི་གསལ་བསྒྲགས།
བོད་པའི་སྐད་ཡིག་ལ་དོ་སྣང་དགོས་པའི་བཀའ་སློབ།
བཀའ་ཁྲི་མཆོག་ཀུ་ལུ་མ་ན་ལི་ཁུལ་དུ་འཚམས་གཟིགས།
བོད་དོན་དྲིལ་བསྒྲགས་ཆེད་བསྐོར་བསྐྱོད་ལས་འགུལ།
རྒྱ་ནག་ནང་མི་མང་གང་བྱུང་འཛིན་བཟུང་བྱེད་པར་སྐྱོན་བརྗོད།
མཆན།
Click here to add your own comment