དུས་དབང་ཞུ་མཁན་བཀག་ཉར།

༸གོང་ས་མཆོག་གི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་མཁན་ཁག་ཅིག་གློག་འགྲོལ་བཏང་བ།
2012-04-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དུས་འཁོར་དབང་ཆེན་ཞུ་མཁན་བཀག་ཉར་བྱེད་བཞིན་པ།
༸གོང་ས་མཆོག་གི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་མཁན་ཁག་ཅིག་གློག་འགྲོལ་བཏང་བའི་གནས་ཚུལ།
བསོད་ནམས་དབང་འདུས།

༄༅༎རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བ་བོད་ནས་ཕེབས་མཁན་རྣམས་བོད་དུ་ཕྱིར་ལོག་སྐབས་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཏེ་སློབ་གསོ་ཟེར་བ་སྤྲོད་བཞིན་པའི་ཁོངས་ནས་བོད་མི་ཁག་ཅིག་ཉེ་ཆར་གློག་འགྲོལ་བཏང་ཡོད་པ་དང༌།བོད་མི་མང་པོ་ཞིག་ད་དུང་མུ་མཐུད་ནས་བཀག་ཉར་འོག་གནས་བཞིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་ལ་གནས་འདྲི་ཞུས་པར་གསན་རོགས༎

མཆན། (1)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།

མིང་འདོན་མེད་པའི་ཀློག་མཁན།

རྒྱ་ནག་དམར་གཞུང་ནས་བོད་མི་རིགས་ལ་མི་རིཌ་དབྱེ་འབྱེད་ཀྱི་བྱེད་ཐབས་རེད། གང་ཡིན་ཞུས་ན་དང་པོར་བོད་པ་ཚོ་ཆོས་ཞུར་བཅར་རྒྱུའི་བཀའ་འཁྲོལ་གརེ་བྱས་ནས་སྤྲད། གཉིས་ནས་གསུངས་ཆོས་ཞུས་ཏེ་ཕྱིར་ལོག་སྐབས་གང་བྱས་ནས་བཀག་ཉར་རྒྱུན་རིང་དེ་འདྲ་ག་རེ་བྱས་ནས་བྱས་པ་རེད། དོན་དུ་བོད་མི་རིཌ་ལ་བསུར་རྩིར་དང་སྡུག་སྦྱོང་མི་ལོ་༦༠་བརྒལ་ཏེ་བཏང་བ་དེ་དུང་འདོད་འཚིམས་མེད་པ་ཞིག་རེད་བསམ། 

Apr 11, 2012 10:53 AM