རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཆེད་ཡིན།

བོད་ནང་དུ་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། ཨ་རི་གཉིས་ཀྱིས་རྒྱ་ནག་གཞུང་ལ་ནུས་པ་ལྡན་པའི་གནོན་ཤུགས་སྤྲོད་དགོས་ཞེས་པའི་བརྗོད་གཞི་བྱས་ཏེ་དཔྱད་རྩོམ་ཞིག་སྤེལ་བཞག
2012-11-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །དེ་རིང་ཕྱི་རྒྱལ་གྱི་གསར་ཤོག་ཅིག་ནང༌དཔྱད་རྩོམ་ཞིག་སྤེལ་འདུག་པའི་ནང་དུ། ཁ་ས་ཚེས་༨ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་མི་ཉིས་སྟོང་ལྷག་འདུ་འཛོམས་ཀྱིས་ལོ་ངོ་བཅུ་ཕྲག་གཅིག་རེ་རེའི་ཐོག་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་གཏོང་རྒྱུའི་ཏང་གི་ཚོགས་ཆེན་དེ་འགོ་ཚུགས་ཏེ་ཉིན་གྲངས་འགའ་ཤས་རིང་ཚོགས་རྒྱུ་ཡིན་པ་དང༌། རྒྱ་ནག་གི་མི་རབས་བཞི་པའི་འགོ་ཁྲིད་Hu Jintao ཡི་དབང་ཆ་རྗེས་ཤུལ་འཛིན་མཁན་ནི།    ད་ལྟའི་སྲིད་འཛིན་གཞོན་པ་Xi Jinping གཏན་འཁེལ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པས། རྒྱ་ནག་གི་རེ་བ་ནི་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དེ་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ལ་མཚོན་ན། བོད་ནང་ནས་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང༌། དེ་ནི་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་དེ་ཡིས་རྒྱ་ནག་གཞུང་ལ་གནོན་ཤུགས་ཛ་དྲག་ཏུ་འགྲོ་བ་ཡིན་ཞེས་དང་།    དཔྱད་རྩོམ་དེའི་ནང་ད་དུང་།    བོད་ནང་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བྱེད་དགོས་པའི་དམིགས་ཡུལ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཡ་ང་བའི་གནས་སྟངས་མཁྱེན་རྟོགས་ཡོང་རྒྱུ་ཙམ་མ་ཡིན་པར། རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང༌། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས། ཨ་མི་རི་ཀ་སོགས་ཀྱིས་སྐྱོན་བརྗོད་དང་།    ནུས་པ་ཐོན་པའི་གནོན་ཤུགས་སྤྲོད་ཐབས་ཀྱི་ཆེད་དུ་ཡིན་པ་རེད་ཅེས་བཀོད་བཞག།