མཚོ་སྔོན་འབའ་རྫོང་ས་གནས་སུ་བོད་མི་བཅུ་དགུ་འཛིན་བཟུང༌།

མཚོ་སྔོན་འབའ་རྫོང་ས་གནས་སུ་བོད་མི་བཅུ་དགུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་འདུག
2012-04-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎མཚོ་སྔོན་འབའ་རྫོང་ས་གནས་སུ་བོད་མི་བཅུ་དགུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐོར། ས་གནས་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་འདུག   
ཉེ་ཆར་མཚོ་སྔོན་འབའ་རྫོང་ས་གནས་སུ་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་དང་། ས་གནས་མི་མང་ཚོས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་པའི་སྐབས། རྒྱ་ནག་ཉེན་རྟོག་པས་དྲག་གནོན་བྱས་ནས་བོད་མི་སེར་སྐྱ་ཁག་ཅིག་འཛིན་བཟུང་དང་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་ཅིང་། ད་རེས་ཕྱི་ཚེས་༡༣ཉིན་འབའ་རྫོང་ས་གནས་ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་ངོ་རྒོལ་གྱི་ལས་འགུལ་དེའི་ཁྲོད་བོད་མི་བཅུ་དགུ་འཛིན་བཟུང་བྱས་ནས་ད་ལྟ་ཡང་བཙོན་འཇུག་བྱེད་མུས་ཡིན་པའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་བ་དང་། བོད་མི་གནས་ཚུལ་ངོ་སྤྲོད་གནང་མཁན་ཁོང་གིས་ཤེས་རྟོགས་ཡོད་པའི་ངོ་རྒོལ་སྐབས་ནས་གར་སོང་ཆ་མེད་དུ་གྱུར་བ་དེ་དག་ནི། ཡི་ཤེས་རྡོ་རྗེ་ལགས་དང་། ཤེས་རབ་པ་སངས་ལགས། པད་མ་རིག་འཛིན་ལགས། གཞན་ཕན་མཐའ་ཡས་ལགས། ཕྱོགས་ལས་རྣམ་རྒྱལ་ལགས་སོགས་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།