བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོ་ཚོགས་འཆར།

2014-06-12
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་པ་མི་རིགས་འདྲེས་མ་ཁག་གཅིག་གི་པར།
བོད་པ་མི་རིགས་འདྲེས་མ་ཁག་གཅིག་གི་པར།
པར། དྲ་བཤུས།
གསར་འགོད་པ་དབྱངས་སྒྲོལ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ།

བོད་མིའི་ཁྲོད་མི་རིགས་གཞན་དང་གཉེན་སྒྲིག་བྱེད་མཁན་ཇེ་མང་དང་མི་རིགས་འདྲེས་མའི་བུ་ཕྲུག་གི་གྲངས་འབོར་ཡང་ཇེ་མང་ཡིན་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། བོད་པ་མི་རིགས་འདྲེས་མ་དོན་གཉེར་ཅན་ཁག་གཅིག་གི་འཆར་གཞི་དང་། དབྱིན་ཡུལ་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་བོད་ཁང་ཐེབས་རྩ་ནས་མཐུན་འགྱུར་རོགས་རམ་འོག བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཟླ་འདིའི་ཚེས་༢༡ཉིན་ནས་ཉིན་གཉིས་རིང་ཚོགས་གཏན་འཁེལ་ཡོད་པ་དང་། དེ་ནི་བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཚོགས་པ་ད་རེས་ཐོག་མ་དེ་ཡིན་པ་རེད། ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་ལོ་ན་བཅོ་བརྒྱད་ཡན་སོན་པའི་མི་རིགས་གཞན་དང་འདྲེས་པའི་བོད་པ་འཛམ་གླིང་ས་གནས་གང་ནས་མཉམ་ཞུགས་གནང་ཆོག་གི་ཡོད་ཅིང་། གོ་སྒྲིག་པས་བརྗོད་དོན།་ལྷན་འཛོམས་དེའི་རིགས་སྤེལ་གནང་དགོས་དོན་གཙོ་བོ་ནི་བོད་མི་དང་མི་རིགས་གཞན་འདྲེས་མ་ཚོའི་དབར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་དང་། དེ་བཞིན་མི་རིགས་གཞན་དང་འདྲེས་པའི་བོད་རིགས་ཚོའི་མི་ཚེའི་མྱོང་ཚོར་དང་ཁོང་ཚོས་བོད་དོན་ཐོག་ལ་ལྟ་ཚུལ་ཐད་བོད་མི་གཞན་ཚོས་ཤེས་རྟོགས་ཡོང་ཐབས་བཅས་ལ་དམིགས་ཉིན་གྲངས་གཉིས་རིང་བོད་པ་མི་རིགས་འདྲེས་མ་ཚོར་བོད་ཀྱི་རིག་གཞུང་དང་། སྐད་ཡིག་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་སློབ་སྦྱོང་བྱ་རྒྱུར་ཟབ་སྦྱོང་གནང་རྒྱུ་སོགས་ཡིན་འདུག བཙན་བྱོལ་དུ་གནས་པའི་བོད་མིའི་ཁྲོད་ཉེ་བའི་ལོ་ཤས་ནང་། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཁ་ཐོར་དུ་གནས་པའི་བོད་མིའི་ཁྲོད་མི་རིགས་གཞན་དང་གཉེན་སྒྲིག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་འབྲེལ་མི་རིགས་འདྲེས་པའི་བུ་ཕྲུག་གི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།  

གསར་འགོད་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།