ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་གཅིག་པ་སྲུང་བརྩི་གནང་འདུག


2016.12.12
བཞུགས་སྒར་རྡ་རམ་སཱ་ལར་ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་གཅིག་པ་སྲུང་བརྩི་སྐབས། ༢༠༡༦།༡༢།༡༡ བཞུགས་སྒར་རྡ་རམ་སཱ་ལར་ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་གཅིག་པ་སྲུང་བརྩི་སྐབས། ༢༠༡༦།༡༢།༡༡
སངས་རྒྱས་རྡོ་རྗེ།/RFA

བཞུགས་སྒར་རྡ་རམ་སཱ་ལར་ཧི་མ་ལ་ཡའི་དུས་སྟོན་ཐེངས་ཉེར་གཅིག་པ་དེ་སྲུང་བརྩི་ཞུས་གནང་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་གནས་སྡོད་བོད་མི་དང་། ས་གནས་རྒྱ་གར་བ་ཟུང་སྦྲེལ་གྱི་ཐོག་ནས་ཕྱི་ཟླ་༡༢་པའི་ཚེས་༡༠་འམ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་༢༧་འཁོར་བའི་དུས་ཆེན་དང་སྟབས་བསྟུན་ནས། ཕྱི་ཚེས་༡༠་དང་༡༡་ཉིན་གཉིས་རིང་བཞུགས་སྒར་ཁུལ་དུ་ཧི་མ་ལ་ཡའི་དུས་སྟོན་ཐེངས་༢༡་པ་སྲུང་བརྩི་ཞུས་གནང་ཡོད་པ་རེད། དུས་སྟོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་བ་དང་ཆབས་ཅིག་སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དུས་སྟོན་དེ་ལྟར་སྲུང་བརྩི་ཞུ་གནང་དགོས་ཡས་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་དང་། དུས་སྟོན་དེའི་བརྒྱུད་རིམ་ནས་ས་གནས་བོད་མི་དང་། ཡུལ་མི་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། ཕན་ཚུན་གཉིས་ཀར་ལྡན་པའི་ཕྱུག་པོའི་རིག་གཞུང་དང་། གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་གནང་ཐུབ་པའི་ཐོག་ཕན་ཚུན་སུ་ལ་དཀའ་ངལ་འཕྲད་ཀྱང་ཁྱིམ་ཚང་གཅིག་གི་ནང་མི་ནང་བཞིན་མཉམ་རུབ་ཀྱིས་ཐོག་ནས་རོགས་རམ་གནང་དགོས་ཀྱི་ཡོད་པ་རེད་ཅེས་སོགས་གསུང་གནང་ཡོད་པ་རེད།
ཡང་སྲིད་སྐྱོང་མཆོག་གིས། བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆགས་པ་དེའི་ཐོག་ནས། ས་གནས་དེར་ཡུལ་སྐོར་བ་མང་པོ་ཞིག་བཅར་གྱི་ཡོད་པར་བརྟེན་ས་གནས་མི་མང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད་པ་ལྟར་བོད་མིའི་ལས་འགུལ་གྱི་ཐོག་ཏུའང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད་ཅེས་གསུང་འདུག  ཡང་དུས་སྟོན་དེའི་ཐོག་ཏུ་སྐུ་མགྲོན་གཙོ་གྲས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་དང་། རྫོང་ཁག་འཛུགས་སྐྲུན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་Shri Sudhir Sharman་ཡིས་དུས་སྟོན་མཇུག་སྒྲིལ་གསུང་བཤད་གནང་ཡོད་པ་རེད། ཉིན་གཉིས་རིང་གི་དུས་སྟོན་དེའི་ནང་བོད་དང་། རྒྱ་གར། བལ་ཡུལ་སོགས་ཀྱི་གཞས་སྣ་འདྲ་མིན་འཁྲབ་སྟོན་གནང་ཡོད་པ་རེད་ལ་དུས་སྟོན་དེའི་ཐོག་ཕྱི་རྒྱལ་བ་དང་། ས་གནས་བོད་མི།  ས་གནས་ཡུལ་མི་སོགས་ཁྱོན་མི་གྲངས་སྟོང་ཕྲག་འགའ་ཤས་མཉམ་ཞུགས་གནང་འདུག།    

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎