ཀླུ་ཆུའི་ཤིས་ཚང་ཡུལ་དུ་རང་སྲེག

2013-02-25
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཀླུ་ཆུའི་ཤིས་ཚང་ཡུལ་དུ་རང་སྲེག
མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་རང་ལོ་ ༢༧ ཡིན་པའི་མིང་ལ་ཚེ་གཟུངས་སྐྱབས་ཞུ་བ་ཞིག་གིས་རང་ལུས་མེ་སྲེག་གཏོང་བཞིན་པ།
བོད་ནས་བཏང་བ།

༄༅༎དེ་རིང་ཕྱི་ཚེས་༢༥ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༡།༣༠ཡས་མས་སུ་མདོ་སྨད་ཀླུ་ཆུའི་ཤིས་ཚང་ས་གནས་སུ་དགུང་ལོ་༢༧ཡིན་པའི་ཚེ་གཟུངས་སྐྱབས་ཞུ་བས། རང་ལུས་མེ་སྲེག བཏང་སྟེ་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཚེ་བཟུངས་སྐྱབས་ལགས་ནི་ཀླུ་ཆའི་ཤིས་ཚང་ཚོ་བ་བཅུག་གཉིས་ཀྱི་ནང་ཚན་ཆོས་འཁོར་སྡེ་བ་ནས་ཡིན་པ་དང༌། ཁོང་ནི་ཕ་ཚེ་རིང་དོན་གྲུབ་དང་མ་རྟ་མགྲིན་འཚོ་གཉིས་ཀྱི་བུ་རེད་འདུག ཁོང་གིས་རང་ལུས་མེར་བསྲེགས་བཏང་ཡུལ་དེ་ནི་ཁུལ་དེའི་ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ཐང་དུ་ཡིན་པ་དང༌། སྐབས་དེར་ཆོ་འཕྲུལ་སྨོན་ལམ་སྐབས་ལྟ་རྟོགས་སུ་སླེབས་པའི་རྒྱ་མིའི་ཉེན་རྟོག་པས་མེ་གསོད་ཐབས་བྱས་ཀྱང༌། མང་ཚོགས་ཀྱིས་མེ་གསོད་དུ་བཅུགས་མེད་པའི་གནས་ཚུལ་འདུག
ཚེ་གཟུངས་སྐྱབས་ལགས་ནི། སྔ་ལོ་ཕྱི་ཟླ་༡༢པའི་ཚེས་༨དགའ་ལྡན་ལྔ་མཆོད་ཉིན་རང་ལུས་མེར་བསྲེགས་གཏོང་མཁན་པདྨ་རྡོ་རྗེ་ལགས་དང་སྡེ་བ་གཅིག་པ་ཡིན་པ་མ་ཟད་ཁོང་གཉིས་མ་སྤུན་གཉིས་ཀྱི་བུ་སྤུན་ཡང་རེད་འདུག།
ཤིས་ཚང་དགོན་པ་ནས་ཁོང་གི་གྲོང་གསེབ་བར་སྤྱི་ལེ་སུམ་ཅུ་ལྷག་ཡོད་པ་དང༌། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་བྱམས་པ་གདན་འདྲེན་གྱི་ཉིན་མི་ཚོགས་ཧ་ཅང་མང་པོ་འདུ་འཛོམས་སྐབས་འཁེལ་ཡོད་ཅིང༌། ད་ལྟའི་སྐབས་འདིར། ཁུལ་དེར་རྒྱ་མིའི་ཉེན་རྟོག་པ་འབོར་ཆེན་སླེབས་ཡོད་རུང༌། མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་དམག་གི་ལག་ཏུ་ཤོར་བཅུགས་མེད་པར་སྐྱེས་ཡུལ་ཆོས་འཁོར་སྡེ་བར་ཁྱེར་འདུག།