དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་པ།


2016.05.02
དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་པ། དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་པ་དེ་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་དབུ་འཛུགས་གནང་ཡོད་པ་དང་། རྒྱུགས་སྤྲོད་དེ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་རྩིས་ཀྱི་ཡོད་སྐོར་ཆོས་རིག་བཀའ་བློན་མཆོག་གིས་བཀའ་གནང་འདུག
ངོ་དེབ།

༄༅༎ཕྱི་ཟླ་ ༥ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་།བོད་ཀྱི་བཙུན་མའི་ལས་འཆར་ཁང་གཉིས་ཐུན་མོང་གི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་པ་དེ་དབུ་འཛུགས་གནང་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གི་དབུས་པའི་སྐབས་བཞི་པའི་དགེ་བཤེས་མའི་རྒྱུགས་སྤྲོད་ཞིབ་འཇུག་གནང་མཁན་སེ་ར་བྱེས་སྨད་གཉིས་དང་།དགའ་ལྡན་ཤར་རྩེ། འབྲས་སྤུངས་སྒོ་མང་གྲ་ཚང་བཅས་ཀྱི་སྐུ་ཚབ་བཞི་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ལས་བྱེད་གཉིས། རྒྱ་གར་ནང་གི་བཙུན་མགོན་ཁག་ལྔ་ཡི་འཛིན་རིམ་བཞི་ནས་དགེ་བཤེས་མར་རྒྱུགས་སྤྲོད་གནང་མཁན་བཙུན་མ་༤༤་བཅས་འཛོམས་གནང་སྟེ་རྒྱུགས་སྤྲོིད་དབུ་བཙུགས་གནང་ཡོད་པ་རེད།མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་མཆོག་གིས་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་སྐོར་ངོ་སྤྲོད་གནང་བར་གཞིོགས་ན། ད་རེས་དགེ་བཤེས་མའི་རྒྱུགས་སྤྲོད་ལོ་བཞི་པ་དེ་ཡིན་པ་དང་། དེ་ཡང་སྤྱི་ལོ་༡༩༩༥ ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་མའི་རྒྱུགས་སྤྲོད་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གཟིགས་ནས་བཀའ་སློབ་རབ་དང་རིམ་པར་ཕེབས་ཡོད་པ་སོགས་ཀྱི་བརྒྱུད་རིམ་ནས་མཐར་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ བའི་ནང་གཏན་འབེབས་གནང་སྟེ་དངོས་སུ་ཡིག་རྒྱུགས་བཏང་རྒྱུ་ཕྱག་བསྟར་གནང་བ་ཞིག་ཡིན་ལུགས་སོགས་གསུང་ཡོད་པ་རེད། ཐེངས་དེའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་གཙོ་བོ་གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་དང་། འབྲི་རྒྱུགས།དེ་བཞིན་བརྡ་སྤྲོད་དང་རྒྱལ་རབས་ཆོས་འབྱུང་།དེང་དུས་ཚན་རིག་བཅས་ཕྱི་ཚེས་ ༡༢ བར་ཉིན་གྲངས་བཅུ་གཉིས་རིང་འབྲི་རྒྱུགས་དང་རྩོད་རྒྱུགས་གནང་རྒྱུ་ཡིན་པ་རེད༎
yangdonགསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎