ཆོས་རིག་ལྷན་ཁང་གི་ལས་བསྡོམས་ཐོག་བགྲོ་གླེང་ལྷུག་པོ་གནང་འདུག

2017-09-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་བཞི་པ། ༢༠༡༧།༩།༢༠
བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་བཞི་པ། ༢༠༡༧།༩།༢༠
TTV

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཉིན་གཉིས་བར་ཆོས་རིག་ལྷན་ཁང་གི་ལས་བསྡོམས་ཐོག་བགྲོ་གླེང་ལྷུག་པོ་གནང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་ཕྱི་ཚེས་༡༩་ཉིན་དབུ་འཛུགས་གནང་ཡོད་པ་དང་། དེ་རིང་གྲོས་ཚོགས་ཀྱི་ཉིན་གཉིས་པའི་ཐོག་གཞུང་རྟེན་ཆོས་སྐྱོང་ཁག་གི་སྐུ་རྟེན་རྣམ་པའི་གསོལ་ཕོག་དོད་སྐོར་བགྲོ་གླེང་གནང་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ལྷ་སྲུང་གི་གལ་ཆེ་བ་དང་རྒྱབ་ལྗོངས་ལོ་རྒྱུས་ཐོག་ནས་ཡང་དག་པ་ཡིན་མིན་དང་། ངོ་བོའི་ཆ་ནས་གང་འདྲ་ཡིན་མིན། དགོས་མཁོའི་ཆ་ནས་གང་འདྲ་ཡིན་མིན་དེ་འདྲའི་ཐོག་དོགས་པ་བྱེད་མ་མྱོང་ལ་ད་ལྟའང་དོགས་པ་གང་ཡང་མེད། འོན་ཀྱང་སྐབས་རེ་སྐབས་རེར་བེད་སྤྱོད་གཏོང་ཕྱོགས་ཀྱི་ཐད་ལ་དོགས་པའི་གནས་ཚུལ་ཁ་ཤས་ཏན་ཏན་བྱུང་ལ་ དེའི་གནས་ཚུལ་དེ་ད་ལྟའང་ཡོད་ཞེས་གསུངས་འདུག
ད་དུང་གྲོས་ཚོགས་ནང་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་དེང་སང་འབར་མའི་གནད་དོན་དང་འབྲེལ་བོད་པའི་གྲྭ་བཙུན་རྣམས་ཀྱི་བདེ་འཇགས་གཟབ་ནན་སྐོར་ལ་ཡང་གླེང་མོལ་བྱུང་འདུག
ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐེངས་བཞི་པ་དེ་ཟླ་༩ པའི་ཚེས་༡༩ ་ནས་༢༨ ་བར་ཏེ་ཉིན་དགུ་ཡི་རིང་ཚོགས་རྒྱུ་ཡིན་པ་དང་། ལས་རིམ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ཡན་ལག་ཁག་གི་ལས་བསྡོམས་སྙན་ཐོའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་།  འདི་ཚེས་༢༠་ཉིན་ཆོས་རིག་བཀའ་བློན་མཆོག་གིས་ལས་བསྡོམས་སྙན་འབུལ་ཞུས་རྗེས། ཆོས་རིག་ལྷན་ཁང་གི་ལས་བསྡོམས་ཐོག་བགྲོ་གླེང་གནང་བཞིན་པ་རེད། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་འདོན་རྒྱུ་དང་། བགྲོ་གླེང་། དེ་བཞིན་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་། དེ་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་གནང་རྒྱུ་བཅས་ཡིན་པ་རེད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།