ལྡི་ལིར་བོད་མིས་ཞི་རྒོལ་དང་རང་ལུས་མེ་བསྲེགས་བྱེད་རྩིས།

བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཆེད་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནང་སྐབས་གཞོན་སྐྱེས་ཚུལ་ཁྲིམས་རྡོ་རྗེ་ཡིས་རང་ལུས་བསྲེགས་གཏོང་རྩིས་བྱས་འདུག
2012-11-28
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོཌ་དང་། ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོཌ་གཉིས་ཟུང་འབྲེལ་སྒོས་བོད་ནང་སྐུ་ལུས་མེ་མཆོད་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐེ་བྱུས་འཕྲལ་དུ་དགོས་པའི་རེ་སྐུལ་ཞུ་ཕྱིར་ཚེས་༢༨་ཉིན་གྱི་སྔ་དྲོར་རྒྱལ་ས་ལྡི་ལིར་ཡོད་པའི་Rajghat ཞེས་སེམས་པ་ཆེན་པོ་གྷན་དྷིའི་དྲན་རྟེན་ཁུལ་ནས་ནས་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམས་སྐོར་དབུ་འཛུཌ་གནང་སྐབས་ལྡི་ལི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་ཕྲུག་དང་། རོ་ཧི་ནི་ས་གནས་གཞོན་ནུའི་རྒྱུས་ལས་ཟུར་པ་ཚུལ་ཁྲིམས་རྡོ་རྗེ་ལཌ་ཀྱིས་རང་གི་ལུས་ལ་རྡོ་སྣུམ་ཤོད་པ་དང་། བཏུང་ནས་སྐུ་ལུས་ལ་མེ་སྒྲོན་ཡོད་པ་དང་། དེ་མ་ཐག་ཉེ་འཁོར་གྱི་བོད་མི་ཚོས་ཤེས་རྟོགས་བྱུང་ནས་ལམ་སེང་མེ་བསད་ནས་བཀག་འགོག་བྱས་ཡོད་པ་རེད།

སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༤༠༠་ལྷག་གིས་ཕྱག་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་བསྐྱངས་འཇུག་དགོས་པ། བོད་རང་བཙན་སོཌ་འབོད་ཚིག་འཁོད་པའི་ཕྲེད་དར་དང་སྦྱར་ཡིག་སོཌ་འཁྱེར་ནས་Janthar Mathar བར་རྔམ་སྟོན་སྐད་འབོད་བྱས་ཡོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།