བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མཚམས་འཇོག

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བའི་ལས་འགུལ་མཚམས་འཇོག་བྱས་ཡོད་ཞེས་པེ་ཅིང་བསྐྱར་ཞིབ་སྙན་ཐོ་ཞེས་པའི་རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་བསྒྲགས་ཡོད་འདུག
2013-01-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་ཕྱི་ཕྱོགས་ཀྱི་བོད་གནས་བསྐྱར་ཞིབ་དུས་དེབ་ཀྱིས་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་འབྲེལ་དྲ་རྒྱ་དེས་འདས་པའི་ལོ་གསུམ་ནང་བོད་ཀྱི་མདོ་སྨད་རྔ་བ་ཕྱོགས་ནས་བོད་མི་ ༢༢ ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་རེད། ཡིན་ནའང་ རང་ལུས་མེར་བསྲེགས་གཏོང་རྒྱུར་ངན་སྐུལ་བྱེད་མཁན་ཡིན་པར་དོགས་གཞི་ཅན་རང་ལོ་ ༤༠ ཀིར་རྟི་དགོན་པའི་དགེ་འདུན་བློ་བཟང་དཀོན་མཆོག་དང་། ཁོང་གི་ཚ་བོ་རང་ལོ་ ༣༡ ཅན་བློ་བཟང་ཚེ་རིང་འཛིན་བཟུང་བྱས་པའི་རྗེས་སུ་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཇེ་ཉུངནས་མཚམས་བཞག་ཡོད་པ་རེད་ཞེས་པེ་ཅིང་བསྐྱར་ཞིབ་སྙན་ཐོའི་ནང་ དྲིལ་བསྒྲགས་བྱས་ཡོད་འདུག། སྙན་ཐོ་དེའི་ནང་ཀིར་རྟི་དགོན་པའི་དགེ་འདུན་བློ་བཟང་དཀོན་མཆོག་དང་། བློ་བཟང་ཚེ་རིང་གིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་༨ ལ་རང་ལུས་མེར་བསྲེགས་གཏོང་རྒྱུའི་ངན་སྐུལ་ངན་བསླབ་རྒྱབ་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་གསུམ་འདས་གྲོང་ཕྱིན་པ་རེད་ཞེས་གནས་ཚུལ་བཀོད་ཡོད་པ་རེད་། འོན་ཀྱང་དོན་རྐྱེན་དེའི་ཐད་རྒྱ་ནག་གི་དཔོན་རིགས་སྤྱི་དང། དམིགས་སུ་བཀར་ནས་སྲིད་བློན་ཝུན་ཅ་པའོ་བཤད་པའི་གཏམ་བཤད་དང་ལྡོག་ཕྱོགས་ཕྱིན་པ་རེད་། གང་ལགས་ཞེ་ན་། ཕྱི་ལོ་ ༢༠༠༩ ནས་བཟུང་ མདོ་སྨད་རྔ་བ་རྫོང་ཁུལ་ནས་བོད་མི་༢༢ རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ངོས་ལེན་བྱེད་ཀྱི་ཡོད་ན་རྔ་བ་ཁུལ་ནས་བོད་མི་གཞན་༡༤ ཡིས་ངན་སྐུལ་བྱེད་མཁན་མེད་བཞིན་དུ་རྒྱུ་རྐྱེན་གང་ལ་བརྟེན་ནས་རང་ལུས་མེར་བསྲེགས་བཏང་བ་རེད་དེ་རྒྱ་ནག་གཞུང་གིས་གསལ་བཤད་བྱེད་ཐུབ་ཀྱི་ཡོད་པ་མ་རེད་ཞེས་རྒྱ་གར་གྱི་རྒྱལ་ས་ནས་འདོན་སྤེལ་བྱེད་བཞིན་པའི་བོད་ཀྱི་དུས་དེབ་བསྐྱར་ཞིབ་ཀྱིས་དཔྱད་གཏམ་སྤེལ་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།