རང་བསྲེཊ་ཕྱི་ནས་བརྒྱུད་སྐུལ་བསྒྲུབ་པའི་གློག་བརྙན།

རྒྱ་ནག་གཞུང་གིས་བོད་མིས་རང་ལུས་མེར་བསྲེཌ་སྐོར་གྱི་གློག་བརྙན་གསར་པ་ཞིག་འགྲེམས་སྤེལ་བརྒྱུད་རང་བསྲེགས་ནི་ཕྱི་ཕྱོཌ་བརྒྱུད་སྐུལ་བྱས་ཚུལ་བསྒྲུབ་ཐབས་བྱེད་བཞིན་པ་རེད།
2012-12-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

རང་བསྲེཊ་ཕྱི་ནས་བརྒྱུད་སྐུལ་བསྒྲུབ་པའི་གློག་བརྙན།

དེ་ཡང་གནས་ཚུལ་ལྟར་། བོད་མདོ་སྨད་རྔ་པ་ཁུལ་དུ་བོད་མིས་རང་ལུས་མེར་བསྲེཌ་པའི་དངོས་བདེན་གནས་ཚུལ་ཞེས་འགོ་བརྗོད་དུ་འཁོད་པའི་གློག་བརྙན་ཞིག་རྒྱ་ནག་གཞུང་འབྲེལ་CCTV-བཞི་པས་གཟའ་ཉི་མའི་དགོང་དྲོར་རྒྱང་སྲིང་བྱེད་འགོ་བཙུཌ་ཡོད་ཅིང་། དེ་ནི་གཙོ་བོ་ཕྱི་རྒྱལ་ཡུལ་གྲུ་ཁག་གཙོ་བོར་དམིཌ་ནས་གཟའ་ཟླ་བའི་ཉིན་གློག་བརྙན་དེ་བཞིན་དབྱིན་སྐད་དང་། Spanish སྐད་ French, ཨ་རབ་ཀྱི་སྐད་།  ར་ཤི་ཡའི་སྐད་སོགས་ཀྱི་ཐོག་ནས་རྒྱང་སྲིང་བྱས་འདུག

ཞིན་ཧ་གསར་ཁང་ལྟར་ན། གློག་བརྙན་དེའི་ནང་རང་ལུས་མེར་བསྲེག་བཏང་བའི་གོད་ཆག་ཕོག་པའི་བོད་མི་དང་དོ་བདག་ཚོར་སྐད་ཆ་དྲིས་པ་ཁག་ཡོད་ཚུལ་དང་། རྔ་པའི་ཁུལ་གྱི་གྲ་པ་ཚོས་རྒྱ་མཚོའི་ཕ་རོལ་གྱི་བོད་མིས་བཀའ་བཏང་བ་ཁག་ལག་ལེན་བསྟར་ལུཌ་ཀྱང་བཤད་ཡོད་པ་རེད་། གློག་བརྙན་དེས་རྒྱ་ནག་ཁ་བྲལ་གཏོང་ཐབས་སུ་ཏཱ་ལའི་ཤོག་ཁག་གིས་བོད་མིས་རང་ལུས་མེར་བསྲེཌ་དགོས་པའི་བརྒྱུད་སྐུལ་བྱས་ཚུལ་ཡང་བཤད་ཡོད་པ་དང་། ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་ནང་གི་བོད་མི་༩༥་ཡིས་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་གིས་བོད་ཐོག་བཙན་དབང་མུ་མཐུད་བྱེད་བཞིན་པར་ངོ་རྒོལ་གནང་བ་དང་བོད་ལ་རང་དབང་དགོས་པ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་རེད་། འདི་ལོའི་ཕྱི་ཟླ་༡༡་པ་གཅིག་པུའི་ནང་བོད་མི་༢༨་ཡིས་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ་དེ་ནི་མང་ཤོས་ཡིན་པ་རེད་། ཉེ་བའི་གཟའ་འཁོར་འགའ་ཤས་ནང་རྒྱ་ནག་གཞུང་འབྲེལ་ཚགས་པར་ཁག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དེ་བཙན་བྱོལ་བོད་མིས་བརྒྱུད་སྐུལ་བྱས་པ་ལས་བྱུང་ཚུལ་མ་ཉེས་ཁ་གཡོག་དཀྲིས་ཐབས་ཤུགས་ཇེ་ཆེར་བཏང་ཡོད་པ་དང་། རྒྱ་གཞུང་གིས་དགེ་འདུན་པ་ཞིག་དང་། ཁོང་གི་ཚ་བོས་བོད་མི་མེར་བསྲེཌ་དགོས་པའི་སྐུལ་མ་བྱེད་མཁན་ཡིན་ལུཌ་ནག་ཉེས་བཙུཌ་ནས་འཛིན་བཟུང་བྱས་ཡོད་ཅིང་། ཟླ་བ་འདིའི་འགོ་སྟོད་དུ་དབུས་བོད་མིའི་སྒྲིཌ་འཛུཌ་ཀྱིས་གལ་ཏེ་རྒྱ་གཞུང་གིས་ནག་ཉེས་སྐྱོན་འཛུཌ་ཁག་བདེན་པ་ཡིན་པའི་ར་སྤྲོད་བཏོན་དགོས་ཚུལ་བཤད་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་བཞིན་པ་ཁག་མཚམས་འཇོག་དངོས་སུ་བྱེད་འདོད་ན་གཞན་ལ་མ་ཉེས་ཁ་གཡོག་བྱེད་རྒྱུའི་ཚབ་ལ་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་གསར་འགོད་པ་དང་། ཕྱི་འབྲེལ་མི་སྣ་གཏོང་དགོས་པ་མ་ཟད་། བོད་མིས་རང་ལུས་མེར་བསྲེགས་དགོས་པའི་རྒྱུ་མཚན་གཙོ་བོ་ཇི་ཡིན་རང་དབང་ཅན་གྱི་མི་སྣར་ཞིབ་འཇུག་བྱེད་དུ་འཇུག་དགོས་སྐོར་བཀའ་གནང་ཡོད་པ་རེད་།  དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིས་རང་ལུས་མེར་བསྲེཌ་གཏོང་བཞིན་པའི་གནད་དོན་ལ་རྒྱ་ནག་གིས་ཞིབ་འཇུག་ནན་པོ་བྱེད་དགོས་སྐོར་བཀའ་ཡང་ཡང་གནང་ཡོད་པ་རེད

རང་བསྲེཊ་ཕྱི་ནས་བརྒྱུད་སྐུལ་བསྒྲུབ་པའི་གློག་བརྙན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།