རྒྱ་ནག་གཞུང་གིས་འབར་མ་ནས་རྡོ་སྣུམ་དབོར་འདྲེན་ལས་གཞི།

2009-11-03

རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་ཁེ་གཉེར་ལས་ཁང་གིས་འབར་མའི་ཁུལ་རྡོ་སྣུམ་འདྲེན་བྱེད་ཀྱི་ལྕགས་དོང་གསར་རྒྱག་གི་ལས་གཞི་འགོ་བཙུགས་འདུག

༄༅༎རྒྱ་ནག་གཞུང་གིས་བདག་གཉེར་བྱེད་པའི་རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་ཁེ་གཉེར་ལས་ཁང་གིས་དཀྱིལ་ཤར་ཡུལ་གྲུའི་རྡོ་སྣུམ་རྒྱ་གར་རྒྱ་མཚོ་བརྒྱུད་རྒྱ་ནག་ཏུ་ནང་འདྲེན་མགྱོགས་སུ་བྱེད་ཐུབ་རྒྱུར་དམིགས་སྟེ་འབར་མའི་ཁུལ་རྡོ་སྣུམ་དབོར་འདྲེན་བྱེད་ཀྱི་ལྕགས་དོང་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཟིན་ལུགས་བརྗོད་འདུག

རྒྱ་ནག་གཞུང་གིས་འབར་མའི་ནང་བཟོ་ལས་འཛུགས་བསྐྲུན་ཐད་དཔལ་འབྱོར་གྱི་མ་རྩ་ཤུགས་ཆེ་བཙུགས་བཞིན་ཡོད་ཅིང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་རྒྱ་ནག་གི་དཔལ་འབྱོར་ལ་མཁོ་བའི་ཕྱིའི་ཡུལ་ཁག་གི་རྡོ་སྣུམ་རང་བྱུང་རྫས་རླངས་ནང་འདྲེན་འབྱུང་ཐབས་དེ་ཡིན་པ་བརྗོད་བཞིན་ཡོད་པ་རེད་ལ་ཀི་ལོ་མི་ཊར་༧༧༡གྱི་རིང་ཚད་ལྡན་པའི་འབར་མའི་ནང་ལྕགས་དོང་གསར་རྒྱག་གི་ལས་གཞི་དེ་ཡང་དམིགས་ཡུལ་དེ་དང་འབྲེལ་བ་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད།

ལྕགས་དོང་དེ་རྒྱ་གར་རྒྱ་མཚོའི་ནང་ཆགས་པའི་འབར་མའི་མཚོ་གླིང་གི་ས་གནས་མ་ཌེ་ཞེས་པ་བརྒྱུད་འབར་མའི་དབུས་ཀྱི་གྲོང་ཁྱེར་མན་ཌ་ལེ་དང་དེ་ནས་ཡུ་ནན་བར་འཁྲིད་རྒྱུའི་འཆར་གཞི་ཡོད་འདུག ལྕགས་དོང་གི་ལས་གཞི་དེ་ག་དུས་འགྲུབ་མིན་རྒྱ་ནག་གཞུང་གིས་གཉེར་བའི་རྡོ་སྣུམ་ཁེ་གཉེར་ལས་ཁང་དེས་བརྗོད་མེད་ན་ཡང་ཁེ་གཉེར་ལས ཁང་དེའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ལྕགས་དོང་དེ་བརྒྱུད་ལོ་ལྟར་རྒྱ་ནག་ནང་རྡོ་སྣུམ་སྦེ་རེལ་ལམ་ཟོམ་ས་ཡ་༨༤ཙམ་ནང་འདྲེན་ཐུབ་རྒྱུ་ཡིན་འདུག

རྒྱ་ནག་ནི་འབར་མའི་ནང་མ་རྩ་ཆེ་ཤོས་འཛུགས་མཁན་གྱི་ཡུལ་གྲུ་དེ་ཡིན་པར་མ་ཟད་འབར་མའི་དྲག་པོའི་གཞུང་གི་གྲོགས་པོ་ཉེ་ཤོས་དེ་ཡང་ཡིན་ལ་ནུབ་ཕྱོགས་ཡུལ་གྲུ་ཚོས་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཞན་པོ་ཡོད་པ་དེ་ཡར་རྒྱས་འབྱུང་ཐབས་ཆེད་དཔལ་འབྱོར་གྱི་ཉེས་ཆད་བཀེལ་བའི་ཐོག་ནས་དྲག་པོའི་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་ལངས་ཕྱོགས་ཤིག་བཟུང་བཞིན་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་འབར་མའི་ནང་དཔལ་འབྱོར་གྱི་མ་རྩ་ཆེན་པོ་འཛུགས་བཞིན་པ་དེས་དྲག་པོའི་དབང་འཛིན་པའི་གཞུང་དེ་མུ་མཐུད་གནས་རྒྱུའི་མཐུན་རྐྱེན་དུ་འགྲོ་བཞིན་ཡོད་པར་མ་ཟད་ཁོར་ཡུག་ཐོག་ལ་ཡང་གནོད་སྐྱོན་ཚབས་ཆེ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།

རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།

བོད་ཀྱི་གནད་དོན་ཐད་བཀའ་མོལ།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།

ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།

ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།

བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org