རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་ཐད་འབོད་སྐུལ་སྙན་ཞུ།

རྒྱ་རིགས་མཁས་པ་དང་ཁྲིམས་རྩོད་པ་༧༠་ལྷག་གིས་རྒྱ་ནག་དམར་ཤོག་ཚོཌ་པ་གཞུང་འཛིན་ནས་ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་སྙན་ཞུ་ཕུལ་འདུག
2012-12-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

པེ་ཅིན་གཙུག་ལག་སློབ་གྲ་ཆེན་མོའི་ཁྲིམས་ཀྱི་སློབ་དཔོན་Zhang Qianfan ཡིས་ཟིན་བྲིས་ནང་། རྒྱ་རིགས་མཁས་པ་དང་ཁྲིམས་རྩོད་པ་༧༠་ལྷག་གིས་རྒྱ་ནག་དམར་ཤོག་ཚོཌ་པ་གཞུང་འཛིན་ནས་ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་སྙན་ཞུ་ཕུལ་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་སྙན་ཞུ་དེས་རྒྱ་ནག་དམར་ཤོག་ཚོཌ་པས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུར་དབང་བསྒྱུར་དགོས་པ་དང་། མང་ཚོཌ་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་དགོས་པ་། སྒེར་བདག་ཚོང་ལས་ཁག་གི་བློ་སྟོབས་སྤེལ་དགོས་པ། དེ་བཞིན་རང་དབང་ཅན་གྱི་ཁྲིམས་ཀྱི་ལམ་ལུཌ་ལག་ལེན་བསྟར་འཇུག་དགོས་པའི་འབོད་སྐུལ་བྱས་འདུག ཡང་སྙན་ཞུ་དེས་རྒྱ་ནག་དམར་ཤོག་ཚོཌ་པའི་ངོས་ནས་ཐེ་བྱུས་གང་ཡང་མེད་པའི་ཐོག་མང་ཚོཌ་ཀྱིས་རང་གི་སྐུ་ཚབ་འཐུས་མི་འོས་འདེམས་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག   སློབ་དཔོན་Zhang ཡིས་ད་ལྟའི་རྒྱ་ནག་གི་སྤྱི་ཚོཌ་ནང་དབྱུལ་ཕྱུག་གི་བར་ཁྱད་ཆེན་པོ་ཡོད་པ་དང་། རྒྱ་གཞུང་གི་དཔོན་རིགས་དང་། ལས་བྱེད་པ་ཚོས་ལྐོག་ཟ་རུལ་སུངས་བྱེད་བཞིན་པ་སོཌ་ཀྱི་དཀའ་ངལ་ཁག་ལ་རྒྱ་ནག་གིས་ཁ་གཏད་གདོང་ལེན་བྱེད་ཕྱིར་ཡུལ་དེའི་ནང་བཅོས་བསྒྱུར་བ་དགོས་ངེས་ཅན་ཡིན་པ་དང་། གལ་ཏེ་རྒྱ་ནག་གིས་བཅོས་བསྒྱུར་མ་བཏང་ཚེ་ཡུལ་དེའི་ནང་གསར་བརྗེ་དང་། ཟིང་འཁྲུག་ཡོང་བའི་ཉེན་ཁ་ཡོད་སྐོར་གསུངས་འདུག གོང་ཞུས་སྙན་ཞུའི་ནང་དོན་ཁག་ནི་༢༠༠༨་ལོའི་རྩ་འཛིན་ཡིག་ཆ་ཟེར་བ་རྒྱ་ནག་ཐོག་རྒྱ་ནག་དམར་ཤོག་ཚོཌ་པ་གཅིག་གིས་དབང་བསྒྱུར་བྱེད་མུས་དེ་མཚམས་འཇོག་དང་། མང་གཙོའི་བཅོས་བསྒྱུར་དགོས་པའི་དགོས་འདུན་བཏོན་པ་དང་ཕྱོཌ་མཚུངས་ཡིན་པ་རེད་༢༠༠༨་ལོའི་རྩ་འཛིན་ཡིག་ཆ་ཟིན་བྲིས་གནང་མཁན་གཙོ་བོ་ཡིན་པ་Liu Xiaoboཡིས་གཞུང་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱས་ཚུལ་ནག་ཉེས་བཙུཌ་ནས་ལོ་༡༡་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་ལྟ་བཙོན་ཁང་ནང་ཡོད་མུས་ཡིན་པ་རེད་། སྙན་ཞུ་དེ་ནི་ཕྱི་ཚེས་༢༥་སྟེ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་ཉིན་འགྲེམས་སྤེལ་གནང་སྟེ་སློབ་དཔོན་Zhang ཡིས་སྙན་ཞུ་དེ་རྒྱ་གཞུང་གིས་ངོས་ལེན་གནང་སྟེ་རྒྱ་གཞུང་དང་མང་ཚོཌ་དབར་གྲོས་མོལ་འགོ་བཙུཌ་ཡོང་བའི་ཐུཌ་རེ་གནང་གི་ཡོད་སྐོར་གསུངས་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།