༧གོང་ས་མཆོག་ལ་དགེ་རྒན་ཆེན་མོའི་ཆེ་བསྟོད་ཀྱི་ཕྱག་འཁྱེར།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁྲོམ་ཁོར་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་བསྐྱངས་གནང་བ་དང་དེ་ནས་དགེ་རྒན་ཆེན་མོའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་ལམ་ཞུས་འདུག
2012-11-28
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༧གོང་ས་མཆོག་ལ་དགེ་རྒན་ཆེན་མོའི་ཆེ་བསྟོད་ཀྱི་ཕྱག་འཁྱེར།
༧གོང་ས་མཆོག་ལ་དགེ་རྒན་ཆེན་མོའི་ཆེ་བསྟོད་ཀྱི་ཕྱག་འཁྱེར།

དེ་བཞིན་གོང་གི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་ཤེས་ཡོན་ནང་སྒོམ་གྲུབ་ཉམས་ལེན་བྱེད་བཏང་སྐོར་གྱི་ཉིན་གཉིས་ཀྱི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་དེའི་དབུ་འབྱེད་༧གོང་ས་མཆོག་གིས་བཀྲིན་ཆེ་གནང་མཛད་ཡོད་པ་དང༌།  ཐོག་མར་བོད་པའི་དགེ་འདུན་པ་ཁག་ཅིག་གིས་ཞལ་འདོན་གནང་བ་དང༌། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ཁྲོད་སྐུ་བཅར་ཞུས་པའི་བོད་རིགས་མང་ཚོགས་ལ་བོད་སྐད་ཐོག་བཀའ་སློབ་སྩལ་གནང་མཛད་འདུག།

བོད་པ་ཚོར་བཀའ་སློབ་གནང་གྲུབ་མཚམས། རྒྱ་གར་མང་ཚོགས་ལ་ འཛམ་གླིང་ཞི་བདེར་འཁོད་ཐབས་སུ་འགྲོ་བ་མིའི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་ཅིང༌། ༧གོང་ས་མཆོག་གིས་འཚེ་བ་མེད་པའི་ལྟ་གྲུབ་དེ་ཐོག་མར་རྒྱ་གར་ནས་བྱུང་ཡོད་སྟབས། རྒྱ་གར་གྱི་དཔལ་ཡོན་དེ་གལ་ཆེན་པོ་ཞིག་ཡིན་པ་དང༌། རྒྱ་གར་ནང་ཆོས་ལུགས་འདྲ་མིན་མང་པོ་ཡོད་པ་ཚང་མ་ཞི་མཐུན་མཉམ་གནས་ངང་གནས་ཡོད་པའི་སྐོར་བཀའ་གནང་སྟེ།

ཧིན་དུ། ནང་པ། ཇེན་ཆོས་ལུགས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པ་དང༌། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཡེ་ཤུ་དང་ཁ་ཆེ། Judaism དང་Zaroastrianism ཆོས་ལུགས་ལའང་དད་པ་བྱེད་མཁན་རྒྱ་གར་ནང་མང་པོ་ཡོད་པ་དེ་ཚོ་ནི་ཆོས་ལུགས་ཕན་ཚུན་མཉམ་གནས་ཐུབ་པའི་དཔེ་མཚོན་བཟང་པོ་ཞིག་ཡིན་སྐོར་བཀའ་གནང་འདུག།

དེ་བཞིན་༧གོང་ས་མཆོག་གིས་ འདས་ཟིན་པའི་དུས་རབས་དེའི་ནང་འཚེ་བའི་ལས་ལ་བརྟེན་ནས་འཛམ་གླིང་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད་ཀྱང༌།འཚེ་བའི་ཐབས་ལམ་ལ་མུ་མཐུད་བརྟེན་པ་ཡིན་ན་ཆེས་ཐོན་གསར་གྱི་རྡུལ་ཕྲན་གོ་མཚོན་ཡར་རྒྱས་གོང་འཕེལ་བཏང་བའི་བརྒྱུད་འགྲོ་བ་མིའི་རིགས་རིམ་པས་རྩ་མེད་དུ་འགྲོ་རྒྱུ་ཡིན་པར་སོང༌། མ་འོངས་པའི་དུས་རབས་དེ་བཞིན་འཚེ་བ་མེད་པའི་དུས་རབས་ཤིག་ལ་བསྒྱུར་ཐུབ་པ་བྱ་གལ་ཆེ་བ་དང༌། འཛམ་གླིང་ནང་གི་རྩོད་རྙོག་དང་ཕན་ཚུན་དབར་འགལ་ཟླ་ཡོད་པ་དེ་ཚོ་ཞི་བའི་གྲོས་མོལ་གྱི་ལམ་ནས་ཕན་ཚུན་གཅིག་གི་གཅིག་ལ་གུས་བརྩི་དང་ཡིད་ཆེས་བྱས་པའི་བརྒྱུད་སེལ་ཐབས་བྱེད་དགོས་པའི་སྐོར་བཀའ་སློབ་གནང་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།