༧གོང་ས་མཆོག་ཁུམ་བུ་མེ་ལྷར་ཞབས་སོར་འཁོད་སྲིད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཨ་ལ་བྷ་ཏི་ནང་ཚོགས་རྒྱུའི་ཁུམ་བུ་མེ་ལྷ་ཞེས་པའི་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེན་མོར་ཞབས་སོར་འཁོད་སྲིད་པའི་གནས་ཚུལ་འདུག

2013.01.08

དེ་ཡང་རྒྱ་གར་གྱི་Vishwa Hindu Parishad འམ་VHPཞེས་པའི་ ཧིན་རྡུའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་Allahabad ནང་ཚོགས་རྒྱུའི་Kumbh Mela ཞེས་པའི་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེན་མོར་ཞབས་སོར་འཁོད་སྲིད་པ་དང་། ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་དེ་བཞིན་ལོ་ངོ་༡༢མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པའི་ཐོག་མི་མང་ས་ཡ་མང་པོས་མཉམ་ཞུགས་བྱེད་གི་ཡོད་པ་དང་།  དུས་ཆེན་དེ་ནི་འཛམ་གླིང་ནང་ནས་མི་ཚོགས་འདུ་འཛོམས་ཆེ་ཤོས་ཀྱི་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐེངས་འདིའི་Kumbh Mela དེ་བཞིན་གྲོང་ཁྱེར་Allahabad ནང་ཟླ་བ་འདིའི་ཚེས་༡༤ཉིན་དབུ་འཛུགས་གནང་གི་ཡོད་པ་དང་། ཉིན་གྲངས་༥༥་རིང་གི་དུས་ཆེན་འདི་ཐོག་མི་མང་ས་ཡ་མང་པོ་སླེབས་པའི་ཚོད་དཔག་VHPཧིན་རྡུའི་ཆོས་ཚོགས་ནས་གནང་གི་འདུག་། ཆོས་ཚོགས་དེའི་ཚོགས་གཙོ་Pravin Bhai Togadiaམཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་ཡོད་པ་དང་།  སྐུ་སྒེར་ཡིག་ཚང་ནས་གདན་ཞུ་དེར་ངོས་ལེན་གནང་ཡོད་ལུགས་ཆོས་ཚོགས་དེས་ANI གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎