༧གོང་ས་མཆོག་ཨ་མི་རི་ཀར་ཕེབས་འཆར།


2013.12.26
༧གོང་ས་མཆོག་ནས་ཀན་ཊ་ཀི་ཁུལ་དུ་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ།
༧སྐུ་སྒེར་ཡིག་ཚང་།

༧གོང་ས་མཆོག་མི་རིང་བར་ཨ་མི་རི་ཀའི་གྲོང་ཁྱེར་Los Angeles ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད་འདུག

དེ་ཡང་གྲོང་ཁྱེར་ Los Angelesནང་རྟེན་གཞི་བྱས་བའི་Lourdes Foundationཞེས་པའི་ཚོགས་པའི་སྦྱིན་བདག་སྐུ་ཞབས་Sean Lourdes མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་བ་ལྟར། ༧གོང་ས་མཆོག་ཕྱི་ལོ་༢༠༡༤ ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ལྔ་ཉིན་ཁུལ་དེར་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་གནང་གི་ཡོད་འདུག  ཚོགས་པ་དེས་གནས་ཚུལ་སྤེལ་དོན། ཚོགས་པ་དེའི་སྦྱིན་བདག་ Sean Lourdes མཆོག་གིས་༧གོང་ས་མཆོག་དང་དེ་སྔ་མཇལ་འཕྲད་ཞུས་པ་ནས་བཟུང་། ཁོང་རང་ཉིད་ཀྱི་མི་ཚེའི་ཐོག་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་སོང་བས། ད་རེས་༧གོང་ས་མཆོག་གདན་འདྲེན་ཞུས་ནས་མང་ཚོགས་ལ་གསུངས་བཤད་གནང་རྒྱུའི་བརྒྱུད་རིམ་ནས་མི་གཞན་ལའང་དེ་ལྟར་འགྱུར་བ་ཐེབས་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད་འདུག ཁོང་གི་ཚོགས་པའི་ངོས་ནས་འཛམ་གླིང་ཁྱོན་ཡོངས་སུ་སྤྱི་ཚོགས་ལ་ཕན་པའི་ཞབས་འདེགས་འདྲ་མིན་ཞུ་གི་ཡོད་འདུག རིང་མིན་༧གོང་ས་མཆོག་གྲོང་ཁྱེར་ Los Angeles ནང་ཆིབས་བསྒྱུར་གནང་བའི་སྐབས་མང་ཚོགས་ལ་ Universal Responsibility འམ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་རྒྱུ་ཡིན་འདུག དེ་དང་ཕྱོགས་མཚུངས་གྲོང་ཁྱེར་དེའི་གནད་ཡོད་མི་སྣ་གཞན་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡང་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎