ཤེས་ཡོན་ཡར་རྒྱས་ཆེད་ལས་འཆར་གསར་པ་གཉིས།

བཀའ་ཤག་གི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཆེད་ལས་འཆར་གསར་པ་གཉིས་བཏོན་ཡོད་པ་རེད་འདུག
2012-11-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་སྐབས་བཅུ་བཞི་པའི་བཀའ་ཤག་གི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཆེད་ལས་འཆར་གསར་པ་གཉིས་བཏོན་གནང་སྟེ་ཤེས་ཡོན་གྱི་གནས་ཚད་དང་། གོ་སྐབས་སྐྲུན་རྒྱུར་ནུས་ཤུགས་ཆེ་ཆེར་སྤེལ་གནང་ཡོད་པར། དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སྐབས་བཅུ་བཞི་པའི་བཀའ་ཤག་གི་དགོངས་དོན་གཙོ་བོ་གསར་གཏོད་དང་  གཅིག་སྒྲིལ། རང་མགོ་རང་གསོ་བཅས་དོན་ཚན་གསུམ་གཙོ་བོར་གཞིར་བཞག་ཐོག་མ་འོངས་མཐོ་རིམ་འགྲིམས་མཁན་གྱི་སློབ་མ་ཚོར་སློབ་ཡོན་གྱི་གོ་སྐབས་བཟང་དུ་གཏོང་རྒྱུ་དང་། དེ་བཞིན་ལོ་གཉིས་རིང་གི་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་ཞིག་དབུ་བཙུགས་གནང་ཡོད་པ་རེད།

དེ་ཡང་ལས་འཆར་དང་པོ་དེ་ཁ་སྔོན་ཕྱི་ཚེས་༢༠་ཉིན་གསལ་བསྒྲགས་གནང་བཞིན་ཤེས་རིག་ལས་ཁུངས་ཀྱིས་མ་འོངས་མཐོ་སློབ་འགྲིམས་མཁན་གྱི་སློབ་མར་སློབ་ཡོན་སྤྲོད་ཕྱོགས་ཐད་སློབ་མའི་གྲངས་འབོར་དང་དངུལ་འབོར་སྤར་ཆ་བྱུང་བ་ཁག་དང་།  སློབ་ཡོན་སྤྲོད་ཕྱོགས་ཀྱི་འཆར་གཞི་གསར་བ་ཁག་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་རིག་གི་སློབ་ཡོན་ད་ཡོད་བརྒྱ་ཆ་ལས་གྲངས་འབོར་༥༠་ཙམ་སྤར་ཡོད་ལུགས་གསལ་སྟོན་གནང་འདུག   ལས་འཆར་གཉིས་པ་དེ་ནི་ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་གིས་ཨ་སྒོར་ས་ཡ ༢ ཀྱི་འགྲོ་གྲོན་མཐུན་འགྱུར་སྦྱར་གནང་བ་བཞིན་ལོ་གཉིས་རིང་གི་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་དེ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད་། དེ་ནི་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་སྤེལ་རྒྱུའི་ཆེད་དུ་ཡིན་ཞིང་ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་གིས་འདི་ལོ་ཕྱི་ཟླ་ ༩ པའི་ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ནས་ཨ་སྒོར་ས་ཡ་ ༢ ཀྱི་ཤེས་ཡོན་མཐུན་འགྱུར་རོགས་དངུལ་དེ་གནང་ཡོད་པ་རེད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།