བཙན་གཡེམ་རྗེས་གྲོངས་བའི་བུ་མོའི་མིང་ཕྱི་བསྒྲགས།

ཕ་ཡིས་ཁོང་གི་བུ་མོའི་མིང་ཕྱི་བསྒྲགས་བྱེད་འདོད་ཀྱིས་དེ་ནི་རྒྱ་གར་ནང་བཙན་གཡེམ་གྱི་དཀའ་སྡུག་ཕོག་པའི་བུད་མེད་ཚོར་བློ་སྟོབས་འཕེལ་རྒྱུར་ཕན་ཐོག་ཡོང་རྒྱུའི་ངོས་འཛིན་བྱས་འདུག
2013-01-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐྱེས་པ་དྲུག་གིས་བེུད་ཞིག་ལ་བཙན་གཡེམ་བྱས་པ་མ་ཟད། ལུས་ཐོག་ཏུ་མི་ཆོས་ལས་འདས་པའི་སྡུག་སྦྱོང་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་བེུད་དེ་ཡི་མིང་ད་བར་གསང་བ་བྱས་ཏེ་ཕྱི་བསྒྲགས་བྱས་མེད། འོན་ཀྱང་ཁོང་གི་ཕ་ཡིས་ཁོང་གི་བོུའི་མིང་ཕྱིར་བསྒྲགས་བྱ་རྒྱུའི་འདོད་པ་བྱས་བ་དང་། ཁོང་གི་བོུའི་མིང་ཕྱི་བསྒྲགས་བྱས་ན་རྒྱ་གར་ནང་དུ་བཙན་གཡེམ་གྱི་གནོད་འཚེ་ཕོག་པའི་བེུད་ཚོར་སྔར་བས་སེམས་འགུལ་དང་། བློ་སྟོབས་འཕེལ་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་བཤད་འདུག

དེ་ཡང་བཙན་གཡེམ་གྱི་གནོད་འཚེ་ཕོག་རྗེས་འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་བེུད་དེའི་ཕ་ཡིས་དེ་རིང་དབྱིན་ཇིའི་གཟའ་ཉི་མའི་ཚགས་པར་གྱི་བཅར་འདྲིའི་སྐབས། ང་རང་གི་ངོས་ནས་ངའི་བོུའི་མིང་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་བྱེད་འདོད་འདུག་ཅེས་གསུང་ཡོད་ཅིང༌། རྒྱ་གར་གྱི་ཁྲིམས་ལུགས་ཐོག་ནས་བཙན་གཡེམ་གྱི་གནོད་འཚེ་ཕོགས་པའི་བེུད་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་གནོད་འཚེ་ཕོགས་མཁན་བེུད་ཀྱི་མིང་གསལ་བསྒྲགས་མ་བྱས་པར་བཀག་འགོག་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་བློན་ཆེན་ཞིག་གིས་རྒྱ་གར་གཞུང་ལ། བེུད་དེའི་མིང་སྤྱི་ཚོགས་ཐོག་གསལ་བསྒྲགས་བྱ་དགོས་པའི་རེ་འདུན་ཞུས་པ་མ་ཟད། རྒྱ་གར་ནང་དུ་བེུད་ལ་བཙན་གཡེམ་བྱེད་པའི་བྱ་སྤྱོད་འགོག་པའི་ཁྲིམས་ལུགས་གསར་པར་བེུད་དེའི་མིང་བེད་སྤྱོད་གཏོང་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པའི་རེ་འདུན་ཞུ་གི་ཡོད་པ་རེད།

དེ་ནི་༢༠༡༢ ལོའི་ཕྱི་ཟླ་༡༢ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལོ་ན་༢༣ ཡིན་པའི་བེུད་ཞིག་ལ་སྐྱེས་པ་དྲུག་གིས་བཙན་གཡེམ་བྱས་པ་མ་ཟད། བེུད་དེར་མི་ཆོས་ལས་འདས་པའི་སྡུག་སྦྱོང་བཏང་སྟེ། ཐ་ན་ཁོག་པའི་ནང་གི་དོན་སྣོད་ལ་ཚབས་ཆེའི་གནོད་འཚེ་བཟོས་པའི་རྐྱེན་གྱིས་སྨན་བཅོས་ཀྱི་མཐུན་རྐྱེན་ལེགས་པ་ཐོབ་པའི་ཆེད་དུ་Singapore དུ་བསྐྱལ་ཡང་སྨན་བཅོས་ཀྱི་ཕན་ནུས་མ་ཐོན་པར་གཟའ་འཁོར་སྔོན་དེར་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།