ཁ་པར་བརྒྱུད་གསང་བའི་བཀའ་མོལ།

༄༅། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དུས་དུས་སུ་སྤྱི་ཚོགས་ལ་སྨན་པའི་དམིགས་བསལ་ལས་རིམ་འདྲ་མིན་སྤེལ་རྒྱུ་དང་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་ལྟར། འདི་ལོ་ཕྱི་ཟླ་ལྔ་པའི་ནང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་ཞིག་གི་ཐོག་ལ་བརྒྱུད་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
འཛམ་བུ་གླིང་འདིའི་ནང་སྨྲ་བརྗོད་ཀྱི་རང་དབང་བེད་སྤྱོད་བྱ་རྒྱུའི་བརྒྱུད་ལམ་ག་ཚོད་ཀྱི་བཟང་དུ་ཕྱིན་པ་དེ་ཚོས་ཀྱི་དྲག་པོའི་དབང་བསྒྱུར་བ་ཚོས་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་རྒྱུའི་ཐབས་ཤེས་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། དེ་ཡང་མི་གཉིས་ཀྱི་དབར་ཁ་པར་ཐོག་བཀའ་མོལ་གནང་བ་དེ་སྒྲ་འཇུག་བྱ་རྒྱུ་དང་། ཁ་པར་བརྒྱུ་ཡིག་ཆུང་གཏོང་རེས་བྱས་པར་ལྟ་ཀློག་བྱས་པ་སོགས་ཀྱི་བརྒྱུད། སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་མཁན་མང་དག་ཅིག་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་རེད། གནས་ཚུལ་དེ་ཚོ་གཞི་ལ་བཞག་ནས་Open Technology Fund ཞེས་པའི་མིང་བྱང་འོག ཕྱོགས་གཉིས་དབར་བཀའ་མོལ་གནང་བ་སུས་ཀྱང་ཤེས་མ་ཐུབ་པ་བཟོ་རྒྱུའི་ཆེད་RedPhone ཞེས་པའི་Google གྱི་Apps ཞིག་ཡོད་པའི་སྐོར་ང་ཚོ་རླུང་འཕྲིན་ཁང་ནས་མང་ཚོགས་ལ་གོ་རྟོགས་གོང་སྤེལ་གནང་བཞིན་ཡོད་པ་རེད། RedPhone གྱི་བརྒྱུད་ནས་ཕྱོགས་གཉིས་ཀྱི་དབར་བཀའ་མོལ་གང་གནང་བ་སུས་ཀྱང་ཤེས་ཐུབ་ཀྱི་མ་རེད། RedPhone གྱི་ཆེད་དུ་ Google གྱི་Apps ཞིག་གསར་འཇུག་བྱས་པ་མ་གཏོགས་གཞན་རང་གི་རྒྱུན་གཏན་གྱི་ཁ་པར་ཨང་གྲངས་དེ་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཕྱོགས་གཉིས་ཀྱི་བཀའ་མོལ་གཞན་གྱིས་ཤེས་མ་ཐུབ་པའི་ཆེད་བཀའ་མོལ་གནང་ས་ཕྱོགས་གཉིས་ཀའི་ཁ་པར་ནང་ RedPhone དགོས་ཀྱི་ཡོད་པ་རེད།
ཡང་Textsecure ཞེས་པའི་Appsཞིག་གི་བརྒྱུད་ནས་ཁ་པར་བརྒྱུད་ཡིག་ཆུང་གཏོང་རས་བྱས་པ་དེ་ཡང་མི་གཞན་གྱིས་བལྟ་ཀློག་ཐུབ་ཀྱི་མེད་པ་རེད། མ་ཚད་Appsདེའི་བརྒྱུད་ནས་ཡིག་ཆུང་གཏོང་རྒྱུར་སྐད་ཡིག་མང་པོ་ཡོད་པའི་ནང་བོད་ཡིག་ཀྱང་ཡོད་པ་རེད།
ཡང་Cryptocatཞེས་པའི་Appsཞིག་གི་བརྒྱུད་ནས་དྲ་རྒྱའི་ཐོག་གསང་བའི་སྒོ་ནས་ཡིག་ཆུང་བྲིས་རེས་བྱས་ཐུབ་ཀྱི་ཡོད་པས་མ་ཚད། འདྲ་པར་དང་། སྒྲ་རིགས་ཀྱི་མཚོན་པའི་ཡིག་ཆ་ཁག་གསང་བའི་ཐོག་བཏང་ཐུབ་ཀྱི་ཡོད་པ་རེད། Cryptocat ནང་བོད་ཡིག་ཐོག་བེད་སྤྱོད་ཀྱི་མཐུན་རྐྱེན་ཡང་ཡོད་པ་རེད།
སྨྲ་བརྗོད་རང་དབང་བེད་སྤྱོད་བྱ་རྒྱུའི་བརྒྱུད་ལམ་དེ་ཚོ་གསུམ་གྱི་དབུས་པའི་Gibberbot ཞེས་པ་དང་། Orbot དེ་བཞིན་ Orweb སོགས་ཀྱང་ཡོད་པ་རེད།
ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ཡོད་ན། https://opentechfund.org/sites/default/files/otftoolsusedtoday-may2013.pdf དང་། https://opentechfund.org ཐོག་གཟིགས་རྒྱུན་མཐུན་རྐྱེན་ཡང་ཡོད་པ་རེད། ཇི་ཙམ་གྱི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱ་རྒྱུའི་མཐུན་རྐྱེན་བཟང་དུ་བཏང་བ་དེ་ཚོས་ཀྱིས་དྲག་པོའི་དབང་བསྒྱུར་བ་ཚོས་དེ་དག་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་ལྟར། ད་རེས་ཀྱི་འཁྲུལ་རིགས་གསར་པ་དེ་ཚོས་ག་ཚོད་ཀྱི་སྲུང་སྐྱོབ་ཐུབ་ཀྱི་ཡོད་མེད་ཅེས་པ་དེ་ཤེས་ཐུབ་རྒྱུ་ཁག་པོ་ཡིན་པ་རེད།།