རྒྱ་ནག་ནང་ཆོས་དད་རང་དབང་ཡོང་བར་སྨོན།

ཡེ་ཤུའི་བླ་ཆེན་མཆོག་གིས་ཡེ་ཤུ་འཁྲུངས་སྐར་དུས་ཆེན་ཉིན་གྱི་གསུངས་འཕྲིན་ནང་རྒྱ་ནག་ནང་ཆོས་དད་རང་དབང་དང་སི་རེ་ཡའི་ནང་ཞི་བདེ་ཡོང་བའི་སྨོན་འདུན་གནང་ཡོད་པ་རེད་འདུག
2012-12-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་ཚེས་ཉི་ཤུ་ལྔ་ཉིན་མོ་དེ་ནི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ཡིན་པ་ལྟར་འཛམ་གླིང་ཁྱོན་ཡོངས་སུ་དགའ་སྤྲོའི་ངང་སྲུང་བརྩི་ཞུས་ཡོད་པ་རེད་། དམིགས་བསལ་ཡེ་ཤུའི་བླ་ཆེན་པོབ་བྷེ་ན་དྲིག་མཆོག་གི་ཉིན་མོ་དེའི་གསུངས་འཕྲིན་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། བླ་ཆེན་མཆོག་གི་གསུངས་འཕྲིན་ནང་། སི་རི་ཡའི་ནང་འཐབ་འཁྲུག་ཀྱི་རྐྱེན་པས་མི་མང་དཀྱུས་མ་ཚོའི་ཚེ་སྲོག་གྲངས་མེད་ཤོར་འགྲོ་གི་ཡོད་པ་དེར་ཐུགས་འཚབ་ཆེན་པོ་ཡོད་། དེ་འདྲ་ཡིན་དུས་མི་གསོད་ཁྲག་སྦྱོར་འདི་བཞིན་འཕྲལ་དུ་མཚམས་འཇོག་ཡོང་ཐབས་བྱེད་དགོས་པ་དང་། ཡུལ་གྱར་ཕྱིན་པའི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་སྤྲོད་དགོས་པ། ཆབ་སྲིད་མི་སྣ་ཚོས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། དེ་བཞིན་རྒྱ་ནག་ནང་ཉེ་ཆར་ཡེ་ཤུའི་ཆོས་དཔོན་ཚོར་གཞུང་གི་བཀའ་འཁྲོལ་མེད་པར་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་མི་ཆོག་པའི་དམ་བསྒྲཌ་བྱེད་བཞིན་པ་དེ་ནི་འོས་ཤིང་འཚམས་པ་ཞིག་མིན་སྟབས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་གནད་དོན་དེ་ཚོའི་ཐོག་འགྱུར་བ་ཞིག་བཏང་ནས། ཆོས་དཔོན་རྣམས་ནས་འཛམ་གླིང་སྤྱི་དང་རྒྱ་ནག་གི་སྤྱི་ཚོགས་ཀྱི་ཞི་བདེའི་ཆེད་ལས་དོན་སྤེལ་བཅུག་རྒྱུར་འགོག་རྐྱེན་མེད་པ་ཞིག་གི་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་བྱེད་ཞོར་རྒྱ་ནག་ནང་ཆོས་དད་རང་དབང་ཡོང་བར་སྨོན་འདུན་ཞུས་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།