དགེ་འདུན་པ་གསུམ་པོ་གློད་དགོས་པའི་དགོས་འདུན།

རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་མདོ་སྨད་ཆབ་ཆ་ཁུལ་ནས་འཛིན་བཟུང་བྱས་བའི་དགེ་འདུན་པ་གསུམ་པོ་འཕྲལ་དུ་གློད་དཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག
2013-01-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

དེ་ཡང་སྔ་ལོའི་ཕྱི་ཟླ་༡༡་པའི་ནང་བོད་མདོ་སྨད་མཚོ་ལྷོ་ཁུལ་ཆབ་ཆ་གསོ་རིག་སློབ་གླིང་གི་སློབ་མ་གཅིག་སྟོང་ལྷག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བའི་གནས་ཚུལ་ཁག་ཕྱི་ཕྱོཌ་ལ་བཏང་ཚུལ་གྱི་ཉེས་འཛུགས་བྱས་བའི་ཆམ་རུ་དགོན་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་ལཌ་དང་། ཡེ་ཤེས་བཟང་པོ་ལཌ།  དེ་བཞིན་གྲཌ་བཟང་ལཌ་བཅས་དགེ་འདུན་པ་གསུམ་འཛིན་བཟུང་བཙན་འཁྲིད་བྱས་པའི་རྗེས་སུ་ད་ཆ་ཁོང་རྣམས་གང་དུ་ཡོད་མེད་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་འགྱུར་པ་རེད། རེས་གཟའ་པ་སངས་ཉིན་ཕ་རན་སིའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོཌ་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་འགྱུར་བའི་བོད་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་ལཌ་དང་། ཡེ་ཤེས་བཟང་པོ་ལཌ་། དེ་བཞིན་གྲཌ་བཟང་ལཌ་བཅས་ཀྱི་བདེ་འཇཌ་གནད་དོན་ཐོག་ཐུཌ་འཚབ་ཆེན་པོ་ཡོད་པ་དང་རྒྱ་ནག་གཞུང་གིས་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་གནང་འདུག དགེ་འདུན་པ་གསུང་རབ་རྒྱ་མཚོ་ལཌ་ནི་ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་༡༢་པའི་ཚེས་༡ཉིན་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་བ་དང་། ཉིན་གཉིས་སམ་ཕྱི་ཚེས་༣་ཉིན་དགེ་འདུན་གྲཌ་བཟང་ལཌ་དང་། ཡེ་ཤེས་བཟང་པོ་ལཌ་གཉིས་དགོན་པའི་ནང་ནས་འཛིན་བཟུང་བྱས་འདུག  འོན་ཀྱང་ཁོང་རྣམས་ས་གནས་གང་དུ་བཀག་གཉེར་བྱས་ཡོད་མེད་དང་། འཆི་གསོན་སོཌ་གནས་སྟངས་གང་གི་འོག་ཡོད་མེད་སོཌ་ཤེས་རྟོག་མེད་པ་རེད། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོཌ་ནས་རྒྱ་ནག་གཞུང་གིས་གཞན་ལ་འབྲེལ་ལམ་བྱེད་ས་མེད་པ་བཟོ་ཕྱིར་བཙོན་འཇུག་དང་། བཀག་ཉར་བྱེད་བཞིན་པ་དེ་དག་ནི་བལྟ་བ་མཐར་ལྷུང་གི་ཐབས་ལམ་ཡིན་པ་མ་ཟད་ ཐབས་ལམ་དེ་དག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཁ་གཏད་གཅོག་རྒྱུར་ཡང་སེ་བེད་སྤྱོད་བྱེད་བཞིན་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྡ་འཕྲིན་ཁག་ཙམ་མ་ཟད་རང་དབང་དང་དྲང་བདེན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་། བོད་པའི་དགེ་འདུན་པ་གསུམ་འཛིན་བཟུང་བཀག་ཉར་འོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་ཁོང་རྣམས་ལ་ནག་ཉེས་བཙུཌ་པ་ཡོངས་རྫོཌ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཅེས་གསུངས་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།