བོད་མཐོ་སྒང་གི་འཁྱག་རོམ་བཞུ་ཚད་མྱུར་བ།

འཛམ་གླིང་མཐོ་སྒང་བོད་ཀྱི་འཁྱག་རོམ་མྱུར་ཚད་མགྱོཌ་པོའི་སྒོ་ནས་བཞུ་བཞིན་ཡོད་སྐོར་ལ་འབྲེལ་ཡོད་ནས་སྙན་ཐོ་གསར་པ་འདོན་སྤེལ་བྱས་འདུག
2012-07-19
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

སྙན་ཐོ་དེ་ནི་འཁྱག་རོམ་ཐོག་ཞིབ་འཇུབ་བྱེད་མཁན་རྒྱ་མིའི་མཁས་པ་ཚོས་འདས་པའི་ལོ་༣༠་རིང་འཁྱག་རོམ་བཞུར་བཞིན་པ་ཁག་ལ་དངོས་སུ་ཚད་འཇལ་བར་གཞི་བཅོལ་ནས་བཏོན་པ་ཞིག་ཡིན་པ་དང་། དེ་ནི་གནམ་གཤིས་འགྱུར་ལྡོག་སྐོར་ཀྱི་དུས་དེབ་scientific journal Nature Climate Change ཞེས་པའི་ནང་འདོན་སྤེལ་བྱས་ཡོད་འདུག གོང་ཞུས་སྙན་ཐོ་གསར་པ་དེའི་ནང་གསལ་ལྟར་ན་མཐོ་སྒང་བོད་དང་ཧི་མ་ལ་ཡ་དང་ཀ་ར་ཀོ་རམ་ Pamirདང་Qilian བཅས་ལ་ཁྱོན་བསྡོམས་འཁྱག་རོམ་ཀི་ལི་མི་ཀྲར་གྲུ་བཞི་མ་ཆིག་འབུམ་ལྷག་ཙམ་ཡོད་པ་དང་དེ་དག་ནི་ཆུ་མོ་གངྒ་དང་རྟ་མཆོག་ཁ་འབབ་ སེང་གེ་ཁ་འབབ། རྫ་ཆུ་། འབྲི་ཆུ་སོཌ་ཀྱི་བྱུང་ཁུངས་ཡིན་པ་དང་། རྒྱུག་ཆུ་དེ་དག་བརྒྱུད་ནས་ཨེ་ཤེ་ཡའི་གླིང་ཕྲན་ནང་གི་མི་མང་ཐེར་འབུམ་གཅིག་དང་གྲངས་ཆུང་༤་ལ་ཆུ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད་། མཐོ་སྒང་བོད་ནང་འཁྱག་རོམ་སོཌ་ཆུ་གཙང་མའི་བྱུང་ཁུངས་གཙོ་བོ་ཞིག་ཡིན་སྟབས་ མི་མང་པོས་བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་ཀྱང་འབོད་ཀྱི་ཡོད་པ་རེད་། ཡང་དེང་སྐབས་འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པ་དང་གནམ་གཤིས་འགྱུར་ལྡོག་འགྲོ་མུས་ཁག་ལ་བརྟེན་ནས་འཁྱག་རོམ་ཁག་བཞུར་ནས་ཆུ་ཉུང་དུ་འགྲོ་ཉེན་ཡོད་པས་དེས་མི་མང་འཐེར་འབུམ་མང་པོར་དོ་་ཕོག་གཏོང་ཉེན་ཡོད་ལུཌ་སོཌ་ཀྱི་གནས་ཚུལ་སྤེལ་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།