རང་དབང་གི་འཐབ་རྩོད་གསོན་པོར་གནས་ཐུབ་དགོས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་མི་རབས་གཞོན་པ་ཚོས་རང་དབང་གི་འཐབ་རྩོད་གསོན་པོར་གནས་ཐུབ་པའི་འགན་ཁུར་དགོས་ལུགས་གཏམ་བཤད་གནང་འདུག
2012-12-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

ཚེས་༢༥ཉིན་དྷ་ཤོད་བོད་ཕྲུག་ཁྱིམ་སྡེར་སློབ་ཕྲུག་ཚོར་ཉིན་དགུའི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་གསུངས་བཤད་ནང༌།  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་གང་མགྱོགས་ཕྱི་ལོག་ཐུབ་པའི་རེ་བ་བྱས་ཀྱང་ལོ་ལྔ་བཅུ་ལྷག་བཙན་བྱོལ་དུ་སྡོད་དགོས་བྱུང་བ་རེད། བོད་ཀྱི་རྩ་དོན་མ་སེལ་བར་ལོ་མང་འགོར་སྲིད་པ་རེད། གལ་སྲིད་དེ་འདྲ་བྱུང་བ་ཡིན་ན།  དབུས་བོད་མིའི་སྒྲིག་འཛུགས་དང་རང་དབང་འཐབ་རྩོད་མཇུག་སྐྱོང་བྱ་རྒྱུའི་འགན་དེ་མི་རབས་གཞོན་པ་ཚོར་སླེབས་ཀྱི་རེད་ཅེས་གསུངས་གནང་འདུག  བོད་མིའི་ཆབ་སྲིད་ལ་དུས་འགྱུར་ཆེན་པོ་ཕྱིན་ནས་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་། ལས་བྱེད་པ་ཚོས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་དབུ་ཁྲིད་ཀྱི་ཡོད།  ནམ་ཞིག་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་རྙེད་དུས་རང་དབང་གི་འཐབ་རྩོད་མཇུག་སྐྱོང་དང་། འཛིན་སྐྱོང་བསྐྱར་གསོའི་ལས་འགན་དེ་མི་རབས་གཞོན་པ་ཚོས་ལེན་དགོས་ཀྱི་རེད་ལ།  ཤེས་ཡོན་དང་གོ་སྐབས་བཟང་བོ་ཐོབ་པའི་དབང་གིས་མི་རབས་གཞོན་པ་ཚོས་ང་ཚོའི་རྩ་དོན་ཆེད་ནུས་པ་ཐོན་པའི་ལས་ཀ་བྱེད་ཐུབ་ཀྱི་རེད་ལ་བོད་ཀྱི་མི་རབས་གཞོན་པ་ཚོས་རང་དབང་གི་འཐབ་རྩོད་གསོན་པོར་གནས་ཐུབ་པའི་འགན་ཁུར་དགོས་ལུགས་གཏམ་བཤད་གནང་འདུག

རྒྱ་གར་དང་བལ་ཡུལ་ནས་སློབ་གྲ་༢༡གི་འཛིན་གྲ་བཅུ་གཅིག་པའི་སློབ་ཕྲུག་༡༠༥དང་། དགེ་རྒན་༡༨ཟབ་སྦྱོང་ནང་མཉམ་ཞུགས་གནང་འདུག། ཟབ་སྦྱོང་སློབ་ཁྲིད་པ་སུམ་ཅུ་ཙམ་ཡོད་པའི་གྲས་སུ་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་དཔོན་རིགས་དང་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་ཤེས་ཡོན་དོན་གཉེར་བ་བཅས་ཡོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།