རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལ་གཟེངས་རྟགས་འབུལ་རྒྱུ།


2015.03.25
རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝེ་ཝེ རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝེ་ཝེ།
Gao Yuan

རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལ་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཟེགས་རྟགས་ཕུལ་གཏན་འཁེལ་བ། 
དེ་ཡང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ནས་སྤྱི་ཚེས་༢༤་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་སྒྱུ་རྩལ་བ་Ai Weiweiཡིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ལོ་མང་རིང་ཕྱག་ལས་གནང་བཞིན་པའི་གཟེངས་སུ་ཐོན་པའི་བྱས་རྗེས་ལ་བསྟོད་བསྔགས་ཞུ་ཆེད་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཟེགས་རྟགས་དེ་ཁོང་ལ་འབུལ་ལམ་ཞུ་རྒྱུ་དང་། དེ་དང་མཉམ་དུ་སྤྱི་དམངས་ཐོབ་ཐང་གི་ལས་འགུལ་སྣེ་ཁྲིད་མཁན་ཨ་རིའི་དམངས་ཁྲོད་གླུ་བ་Joan Baezཡང་གཟེངས་རྟགས་ཐོབ་ཡོད་ལུགས་བསྒྲགས་ཡོད་པ་རེད།
Ai Weiweiཡིས་APགསར་འགོད་པར། ཁོང་གིས་ད་རེས་གཟེངས་རྟགས་ཐོབ་པ་དེས་སྒྱུ་རྩལ་བ་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་རང་བཞིན་ཡོད་པ་དེ་བསྐྱར་དུ་དྲན་གསོ་བཏང་སོང་ལ། ལྷག་པར་དེ་ནི་རྒྱ་ནག་སྲིད་གཞུང་གིས་སྨྲ་བརྗོད་རང་དབང་ལ་དམ་དྲག་བཀག་བསྡོམས་བྱེད་བཞིན་པའི་གནས་སྟངས་འོག་ཡིན་ཞེས་བརྗོད་ཡོད་པ་རེད། གཟེངས་རྟགས་འབུལ་ལམ་ཀྱི་མཛད་སྒོ་དེ་ནི་Berlinནང་སྤྱི་ཟླ་༥་པའི་ཚེས་༢༡་ཉིན་ཚོགས་རྒྱུ་ཡིན་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎