ཀླུ་མཁར་བྱམས་ཀྱིས་དགོངས་ཞུས་རྗེས་ཀྱི་འོས་མི་གསུམ།


2014.04.21
བཀའ་སྤྱིའི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས། བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁུངས་ནས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

མདོ་སྨད་སྤྱི་འཐུས་ཀྱི་བར་མའི་དངོས་གཞིའི་འོས་བསྡུ་ལ་འོས་མི་གསུམ་ཡོད་པ་འོས་བསྡུ་ལས་ཁུངས་ནས་གསལ་བསྒྲགས་བྱས་འདུག
དེ་ཡང་ཚེས་༢༡ཉིན་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས། མདོ་སྨད་སྤྱི་འཐུས་ཀྱི་བར་མའི་དངོས་གཞིའི་འོས་བསྡུའི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་བ་དང་མཉམ། བར་མའི་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་གྲངས་མང་ཤོས་དང་པོ་མགོ་ལོག་གསེར་རྟའི་བཀྲ་ཤིས་དོན་འགྲུབ་དང་། གཉིས་པ་ཨ་ཚོགས་ཀླུ་མཁར་བྱམས་ཡིན་ཡང་ཁོང་གིས་འོས་མི་ལས་དགོངས་པ་ཞུས་པའི་རྗེས་རིམ་པ་ལྟར་མགོ་ལོག་ཚངས་དབྱངས་རྒྱ་མཚོ། བྱ་ཁྱུང་ཀརྨ་དགེ་ལེགས་གསུམ་དངོས་གཞིའི་འོས་མི་ཡིན་པ་གསལ་བསྒྲགས་གནང་ཡོད།
སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་བལ་གཉིས་ནང་འོས་བསྡུའི་ས་གནས་ ༤༥ ཙམ་ཡོད་པ་དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་ ༦ ཚེས་ ༩ ཉིན་ལ་ཁེལ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎