ཧུའུ་ཡའོ་པང་ལ་ང་ཚོས་དྲན་གསོ་བྱེད་འོས་པ་ཞིག་ཡིན།


2014.04.14
༢༠༡༤།༤།༡༢ཉིན་ནེའུ་ཡོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཡོ་པང་འདས་ནས་ལོ་༢༥འཁོར་བའི་དྲན་གསོའི་འདུ་འཛོམས་སྤེལ་སྐབས། ༢༠༡༤།༤།༡༢ཉིན་ནེའུ་ཡོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཡོ་པང་འདས་ནས་ལོ་༢༥འཁོར་བའི་དྲན་གསོའི་འདུ་འཛོམས་སྤེལ་སྐབས།
པར། བོད་མིའི་སྒྲིག་འཛུགས།

ནེའུ་ཡོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཡོ་པང་འདས་ནས་ལོ་༢༥འཁོར་བའི་དྲན་གསོའི་འདུ་འཛོམས་གནང་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༡༥ཉིན་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཧུ་ཡོ་པང་འདས་ནས་ལོ་༢༥ཧྲིལ་པོ་འཁོར་ཞིང་། ཕྱི་ཚེས་༡༢ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་FLUSING དུ་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཧུའུ་ཡོ་པང་དང་། ཀྲའོ་ཙེ་ཡང་གཉིས་ལ་དྲན་གསོ་ཞུ་བའི་ཚོགས་འདུ་ཞིག་གི་ཐོག་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་། དྲུང་འཕར་ཀུན་དགའ་བཀྲིས་ལགས་དང་རྒྱ་རིགས་མཁས་དབང་འགའ་ཞིག་ནས་དྲན་གསོའི་གཏམ་བཤད་ཀྱང་གནང་འདུག ཀུན་དགའ་བཀྲིས་ལགས་ཀྱིས་གསུང་དོན། ཧུའུ་ཡའོ་པང་ནི་རྒྱ་ནག་གི་འགོ་ཁྲིད་ཁྲོད་ནས་གུ་ཡངས་ཤོས་ཀྱི་དགོངས་བཞེས་གནང་མཁན་དེ་ཡིན་པ་དང་། ཁོང་ཕྱི་ལོ་༡༩༨༠ལོའི་ཕྱི་ཟླ་༥པར་བོད་དུ་ལས་དོན་རྟོག་ཞིབ་ལ་ཕེབས་སྐབས་ང་རང་སློབ་གྲྭར་ཡོད། ཧུའུ་ཡའོ་པང་གིས་བོད་དུ་ལས་དོན་རྟོག་ཞིབ་གནང་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དགོངས་བཞེས་གནང་ཡོད་ཀྱང་། ཁོང་ལ་ཆབ་སྲིད་ཀྱི་དཀའ་ངལ་བྱུང་ཙང་ཁོང་གི་སྲིད་བྱུས་དེ་དག་ལག་བསྟར་བྱེད་ཐུབ་མེད་པ་རེད། དེ་སྔ་༧གོང་ས་མཆོག་གིས་ཀྱང་གལ་སྲིད་ཧུའུ་ཡའོ་པང་འཚོ་ཞུགས་ཐུབ་ཡོད་ན། གཅིག་བྱས་ན་བོད་ཀྱི་གནད་དོན་ཐག་གཅོད་བྱུང་ཡོད་ཀྱི་རེད་ཅེས་གསུང་མྱོང་ཡོད་རེད་ཅེས་དང་། བོད་མིའི་ཕྱོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་འཁྱོངས་དམ་འཛིན་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་གནད་དོན་ད་དུང་ཡང་ཐག་གཅོད་མི་ཡོང་བའི་རྐྱེན་རྩ་གཙོ་བོ་དེ་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ནང་ཧུའུ་ཡའོ་པང་དང་། ཀྲའོ་ཙེ་ཡང་འདྲ་བའི་སྙིང་སྟོབས་ཆེ་ལ། དངོས་ཡོད་གནས་ཚུལ་ལ་གདོང་ལེན་གནང་ཐུབ་མཁན་གྱི་དབུ་ཁྲིད་ཅིག་ཐོན་ཐུབ་ཀྱི་མེད་པ་དེ་ཡིན་པར་ངོས་འཛིན་ཞུ་གི་ཡོད།
བོད་ལ་གུ་ཡངས་ཀྱི་སྲིད་བྱུས་འཛིན་དགོས་པའི་དགོངས་པ་བཞེས་མཁན་ཧུའུ་ཡའོ་པང་ལ་ང་ཚོས་དྲན་གསོ་བྱེད་འོས་པ་ཞིག་ཡིན་པ་སོགས་གསུང་འདུག སྐབས་དེར་རྒྱ་རིགས་རྩོམ་པ་པོ་དང་། ལས་འགུལ་བ། སློབ་ཕྲུག དམངས་གཙོ་དོན་གཉེར་བ་སོགས་མི་ཉུང་བ་མཉམ་ཞུགས་གནང་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎