དཔལ་འབྱོར་མཉམ་འབྲེལ་གྱི་ལོ་འཁོར་ཚོཌ་ཆེན་འཚོཌ་ལ་ཉེ་བ།

APEC ཞེས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གྱི་ལོ་འཁོར་ཚོཌ་ཆེན་དེ་བཞིན་ར་ཤི་ཡའི་ནང་གཟའ་འཁོར་འདིའི་མཇུག་ལ་ཚོཌ་འཆར་འདུག
2012-09-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།   །སྐབས་དེར་ཤར་རྒྱ་ནག་ནས་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་Chile བར་གནས་པའི་ཡུལ་གྲུ་༢༡་བར་ཚོང་འབྲེལ་རྒྱ་བསྐྱེད་གཏོང་ཕྱོཌ་ཐད་གྲོས་མོལ་གནང་འཆར་ཡོད་ཀྱང་། མངའ་ཁུལ་དེའི་ནང་གི་རྩོད་རྙོག་ཁག་གིས་ཚོཌ་ཆེན་དེར་དོ་ཕོག་གཏོང་བཟོ་ཡོད་འདུག་ ད་རེས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་གྱི་ཚོཌ་ཆེན་དེ་ནི་ཚོཌ་མིའི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་ དེ་བཞིན་རྒྱ་ནག་བཅས་ཀྱི་བར་ལོ་བཅུ་ཕྲག་མང་པོའི་རིང་གི་ས་ཆའི་བདག་དབང་ཐད་རྩོད་རྙོག་ཡོད་པ་དེ་ཆེ་རུ་ཕྱིན་པའི་སྐབས་དང་།          ཡང་APEC ཡི་ཚོཌ་མི་ཡིན་པ་ཝེཏ་ནམ་དང་ཕི་ལིབ་པིན་སི་ དེ་བཞིན་རྒྱ་ནག་སོཌ་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་གྱི་བདག་དབང་ཐད་རྩོད་རྙོག་ཆེ་རུ་འགྲོ་བཞིན་པའི་སྐབས་དང་དུས་མཉམ་འཁེལ་ཡོད་པ་རེད།

གོང་ཞུས་ཡུལ་གྲུ་ཁག་གི་དབར་མ་མཐུན་པའི་གནད་དོན་མང་པོ་ཡོད་པ་ཁག་ལ་བརྟེན་ནས་གཟའ་སྤེན་པ་དང་ཉི་མ་ཉིན་གཉིས་རིང་འཚོཌ་རྒྱུའི་ཚོཌ་ཆེན་སྐབས་ཚོང་འབྲེལ་རྒྱ་བསྐྱེད་གཏོང་རྒྱུར་ཡང་དོ་ཕོག་གཏོང་ཉེན་ཡོད་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག་ ར་ཤི་ཡའ་གྲོང་ཁྱེར་Vladivostok ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་གྱི་ཚོཌ་ཆེན་ནང་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་Hillary Clinton མཆོག་དང་ར་ཤི་ཡའི་སྲིད་འཛིན་Vladimir Putinམཆོག་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ ཉི་ཧོང་གི་སྲིད་བློན་Yoshihiko Noda སོཌ་ཆེས་མཐོའི་མི་སྣ་ཁག་མཉམ་བཞུཌ་གནང་འཆར་ཡོད་པའི་གནས་ཚུལ་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།