ཨེ་ཤེ་ཡའི་དུས་སྟོན་ནང་བོད་མི་མཉམ་ཞུགས་གནང་བ།


2014.05.17
ཨེ་ཤེ་ཡའི་དུས་སྟོན་ནང་བོད་མི་མཉམ་ཞུགས་ཀྱིས་རུ་སྒྲིག་ཁྲོམ་སྐོར་གནང་བཞིན་པ། ༢༠༡༤།༥།༡༧ ཨེ་ཤེ་ཡའི་དུས་སྟོན་ནང་བོད་མི་མཉམ་ཞུགས་ཀྱིས་རུ་སྒྲིག་ཁྲོམ་སྐོར་གནང་བཞིན་པ། ༢༠༡༤།༥།༡༧
ཀླུ་འབུམ

ཚེས་༡༧ཉིན་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མི་ཚོ་ཨེ་ཤེ་ཡའི་དུས་སྟོན་ནང་མཉམ་ཞུགས་ཀྱིས་སོ་སོའི་རིག་གཞུང་འཁྲབ་སྟོན་སོགས་ཀྱི་གནས་ཚུལ་འབྲེལ་ཡོད་མི་སྣ་བསྟན་འཛིན་ལྷུན་གྲུབ་ལགས་སུ་འདི་ག་རླུང་འཕྲིན་ཁང་གིས་ཐད་ཀར་བཅར་འདྲིར་ངོ་སྤྲོད་གནང་བར་གསན་རོགས༎

ཨ་མི་རི་ཀའི་རྒྱལ་སའི་གྲོས་ཚོགས་མདུན་ཐང་དུ་ཚོགས་པའི་ཨེ་ཤེ་ཡའི་དུས་སྟོན་ནང་བོད་མི་མཉམ་ཞུགས་གནང་བར་མི་མང་པོས་དོ་སྣང་བྱས་འདུག དེ་ཡང་སྤྱི་ཟླ་༥ཚེས༡༧ཉིན་ཨ་མི་རི་ཀའི་རྒྱལ་སའི་གྲོས་ཚོགས་མདུན་ཐང་དུ་ཨེ་ཤེ་ཡའི་རྒྱལ་སྤྱིའི་དུས་སྟོན་ཆེན་མོ་ཚོགས་ཡོད་པ་དང་། དེའི་ནང་ཨེ་ཤེ་ཡའི་ཡུལ་གྲུ་འདྲ་མིན་གྱི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་པ་ལྟར་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོ་ཡང་བོད་ཀྱི་སྐུ་ཚབ་བྱས་ནས་དུས་སྟོན་སྐབས་བོད་དང་འབྲེལ་བའི་བྱེད་སྒོ་འདྲ་མིན་སྤེལ་ཡོད་པ་རེད། ཐོག་མར་ཡུལ་གྲུ་སོ་སོའི་འཐུས་ཚབ་ཚོས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་རུ་སྒྲིག་ཁྲོམ་སྐོར་བྱེད་སྐབས་ཡུལ་གྲུ་འདྲ་མིན་ནས་ཡིན་པའི་ལྟད་མོ་བ་ཚོས་བོད་མི་ཚོར་རྒྱབ་སྐྱོར་ཐལ་མོ་བརྡབ་པ་མ་ཟད་ཁག་གཅིག་བོད་རང་དབང་ཞེས་འབོད་སྒྲ་སྒྲོག་ནས་རྒྱབ་སྐྱོར་གྱོ་རྣམ་པ་མཚོན་ཐབས་བྱས་སོང་། བོད་མིའི་འཐུས་ཚབ་ཀྱི་འབྲེལ་ཡོད་མི་སྣ་བསྟན་འཛིན་ལྷུན་འགྲུབ་ནས་བརྗོད་དོན། ཨེ་ཤེ་ཡའི་དུས་སྟོན་ལ་བོད་མི་ཚོ་མཉམ་ཞུགས་བྱས་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐབས་བྱས་བ་ཡིན། ཨ་རིའི་རྒྱལ་སར་འཛམ་གླིང་གི་ཡུལ་གྲུ་གང་སའི་མི་སྣ་འཛོམས་ཡོད་པས་མི་མང་པོས་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་འདུག ད་ལོར་ང་ཚོ་དུས་སྟོན་འདིར་ཞུགས་ཐེངས་གཉིས་བ་ཡིན་ལ་ལོ་སྔོན་མར་ང་ཚོའི་རུ་སྒྲིག་ཁྲོམ་སྐོར་ལ་ཨང་གཉིས་བའི་གཟེངས་བསྟོད་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་ཡོད། ཨེ་ཤེ་ཡའི་དུས་སྟོན་འདི་ནི་གཙོ་བོ་ཨ་མི་རི་ཀར་ཡོད་པའི་ཨེ་ཤེ་ཡའི་ཡུལ་གོམས་གཤིས་ལུགས་ཐེབས་རྩ་ཁང་ Asia Heritage Foundation ཞེས་བས་ལོ་ལྟར་གོ་སྒྲིག་བྱས་ནས་ད་ལོ་ཐེངས་དགུ་བ་དེ་ཡིན་པ་དང་། སྐབས་དེར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་མང་ཆེ་བའི་འཐུས་ཚབ་མཉམ་ཞུགས་ཀྱིས་འཁྲབ་སྟོན་མི་སྣ་སྟོང་ཕྲག་བརྒལ་བ་འཛོམས་ཀྱི་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎