ཆོས་སྒྱུར་གྱི་བྱ་བར་རྒྱབ་སྐོར།

2013-02-22
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཆོས་སྒྱུར་གྱི་བྱ་བར་རྒྱབ་སྐོར།
ནང་པའི་དགེ་འདུན་པ་རྣམས་ཆོས་ཀྱི་བྱ་བར་འཇུག་བཞིན་པ།
སྐུ་སྒེར་ཡིག་ཚང་གི་དྲ་གནས།

༄༅།    །རྒྱ་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་གང་ཐུབ་བྱེད་ཀྱི་ཡོད་པས་མ་ཟད། རྒྱ་ནག་དང་ས་འབྲེལ་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ལ་ནུབ་ཕྱོགས་པ་ཡི་ཤུའི་ཆོས་སྤེལ་མཁན་ཚོར་དངོས་གསལ་མེད་པའི་རྒྱབ་སྐྱོར་བྱས་ཏེ། བོད་མིའི་ཆོས་ལུགས་ཀྱི་ལྟ་བར་ཉམས་ཉེས་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐོར་དབྱིན་ཡུལ་གྱི་གྷ་གྲིན་ཞེས་པའི་གསར་ཁང་ནས་གནས་ཚུལ་སྤེལ་འདུག
དེ་ཡང་གོང་ཞུས་གསར་ཁང་འདིས་ ཁ་སང་ཕྱི་ཚེས་༢༡ཉིན་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན། “ ཡི་ཤུའི་ཆོས་སྤེལ་མཁན་ཚོས་གསང་བའི་ཐོག་བོད་ནང་ཡི་ཤུའི་ཆོས་སྤེལ་གྱི་ཡོད་པ་” ཅེས་པའི་འགོ་བརྗོད་འཁོད་པའི་ཆེད་རྩོམ་ཞིག་ནང་། ཡི་ཤུའི་ཆོས་ལུགས་དར་སྤེལ་གཏོང་མཁན་ཚོགས་པ་སྒྲིག་འཛུགས་ཁག་གིས་བོད་ནི་ཡི་ཤུའི་ཆོས་ལུགས་དར་ཁྱབ་ཆུང་བའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་བཞིན། བོད་ནང་ཡི་ཤུའི་ཆོས་སྤེལ་དགོས་པར་ཡིད་ཆེས་ཀྱིས།    ཆོས་སྤེལ་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་སྐོར་སོགས་བཀོད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།