སོ་ལྟ་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འཇིགས་སྣང་འདུག


2017.05.26
རྒྱ་ནག་གི་ཉེན་རྟོག་སྒྲིག་ཆས། རྒྱ་ནག་གི་ཉེན་རྟོག་སྒྲིག་ཆས།
པར་ཚགས།

བདུན་སྔོན་མ་རྒྱ་ནག་གཞུང་གིས་དོགས་གཞི་ཅན་གྱི་མི་སྣའི་ཐོག་ལྟ་སྲུང་དང་ཁོང་ཚོའི་སྡོད་གནས་སྔོག་བཤེར་བྱ་རྒྱུ་ཁྲིམས་མཐུན་བཟོ་རྒྱུའི་ཟིན་བྲིས་ཁྲིམས་འཆར་ཞིག་གསལ་བསྒྲགས་བྱས་པའི་རྗེས། རྒྱ་ནག་ནང་གཞུང་དང་ལྟ་སྤྱོད་ལོག་ཀར་འཛིན་མཁན་དང་ཐོབ་ཐང་དོན་གཉེར་བ་ཚོའི་ཐོག་གཞུང་གིས་སོ་ལྟ་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འཇིགས་སྣང་བྱེད་བཞིན་འདུག
དེ་ཡང་རུཡེ་ཊར་གསར་ལས་ཁང་གིས་འབྲེལ་བ་གནང་སའི་རྒྱ་ནག་ནང་གི་དོན་གཉེར་བ་ཁག་ཅིག་གིས། ཁོང་ཚོའི་སྡོད་ཁང་གི་ཕྱི་ལ་པར་ཆས་བཙུགས་ཡོད་པ་དང་། ཁོང་ཚོའི་ཐོག་བདེ་སྲུང་མི་སྣས་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་པ་མ་ཚད། སྐད་འཕྲིན་WeChat ལ་སོགས་པའི་སྤྱི་ཚོགས་དྲ་ལམ་ཐོག་ཕན་ཚུན་འབྲེལ་བ་དང་། རྕོམ་བྲིས་སྤེལ་བ་དེ་ཚོའི་ཐོག་མྱུལ་ཞིབ་མུ་མཐུད་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
རྒྱལ་ནང་དང་ཕྱི་རྒྱལ་ཁག་ཏུ་རྒྱ་མི་རིགས་དོན་གཉེར་བ་ཚོའི་ཐོག་རྒྱ་ནག་གི་སོ་མྱུལ་ལས་དོན་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཟིན་བྲིས་ཁྲིམས་འཆར་གསར་པ་དེ་རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་༥པའི་ཚེས་༡༦ཉིན་ཕྱིར་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་ཟིན་བྲིས་ཁྲིམས་འཆར་དེའི་ནང་རྒྱ་ནག་གཞུང་གི་གསང་བའི་ལས་ཁང་ཁག་ལ་དབང་ཚད་ཇི་ཙམ་སྤྲད་ཡོད་མེད་འགྲེལ་བརྗོད་ཁ་གསལ་མེད་པ་དང་། ཚིག་དོན་ལའང་གསལ་ཁ་དེ་ཙམ་མེད་པ་རེད།
གོང་ཞུས་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་ཟིན་བྲིས་ཁྲིམས་འཆར་དེའི་ནང་། རྒྱལ་ཁབ་ཀྱི་གསང་བའི་ལས་དོན་ཁག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་
གཞིའི་གནད་དོན་དེ་ཚོ་གཡོལ་ཐབས་དང་རྒྱལ་ཁབ་སྤྱིའི་ཁེ་ཕན་ཆེ་བ་ཁག་སྲུང་སྐྱོབ་བྱ་རྒྱུར་རོགས་འདེགས་བྱེད་དགོས་པ་གསལ་བཏོན་བྱས་ཡོད་པ་རེད།
གོང་ཞུས་ཟིན་བྲིས་ཁྲིམས་འཆར་དེའི་ཐོག་མང་ཚོགས་ཀྱི་བསམ་ཚུལ་འདུ་རྒྱུའི་དུས་ཚོད་ཕྱི་ཟླ་༦པའི་ཚེས་༤ཉིན་སྒོ་བརྒྱབ་རྒྱུ་དང་། ཁྲིམས་འཆར་དེ་དངོས་སུ་ཁྲིམས་གཞི་ག་དུས་ཆགས་མིན་ད་ལྟ་ཁ་གསལ་མེད་པ་རེད། རྒྱ་ནག་གཞུང་དང་ལྟ་སྤྱོད་ལོག་ཀར་འཛིན་མཁན་Hu Jia ཡིས། ཁོང་དང་བློ་མཐུན་པའི་བཅོས་བསྒྱུར་དོན་གཉེར་བ་ཚོས། རྒྱ་ནག་གི་གསང་མྱུལ་ལས་དོན་དང་འབྲེལ་བའི་ཁྲིམས་འཆར་གསར་པ་དེ་ནི། རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས། རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེརབ་ཚོའི་ཐོག་དམ་དྲག་སྔར་བས་ཤུགས་ཆེ་བ་བྱ་རྒྱུའི་མཚོན་རྟགས་ཡིན་པར་ངོས་འཛིན་གནང་འདུག
ཁོང་གིས་གསུངས་ན། དེ་སྔོན་དམར་ཤོག་ཚོགས་པས་གསང་བའི་སྒོ་ནས་ལྟ་སྲུང་བྱེད་ཀྱི་ཡོད་ནའང་ད་ཆ་ཁྱེད་ཚོར་ང་ཚོས་ལྟ་སྲུང་བྱས་ནས་བསྡད་ཡོད་ཅེས་ཁ་གསང་ནས་བཤད་པ་ལྟ་བུ་རེད་ཅེས་བརྗོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎