ཡང་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཁོང་ཁྲོ་ཆེན་པོ་བྱས་འདུག

2017-03-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying
fmprc.gov.cn

༧གོང་ས་མཆོག་གིས་རྒྱ་གར་གྱི་ནཱ་ལེནྡྲའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་གནང་བར་རྒྱ་ནག་ཁོང་ཁྲོ་ལངས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གིས་གོ་བསྒྲིགས་གནང་བའི་རྒྱལ་སྤྱིིའི་ནང་པའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་བར་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོ་བྱས་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་རེས་གཟའ་པ་སངས་ཉིན། རྒྱ་གར་ཤར་ཕྱོགས་བི་ཧར་མངའ་སྡེའི་Rajgirས་གནས་སུ་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གིས་གོ་བསྒྲིགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ནས་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་གནང་ཡོད་པ་རེད།
འདི་ཚེས་༢༠་ཉིན་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying་གིས། རྒྱ་ནག་གི་དགག་བྱ་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་བར་ཉེ་དུས་རྒྱ་གར་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་རྒྱ་གར་དབུས་གཞུང་གིས་གོ་བསྒྲིགས་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་གདན་ཞུ་བྱས་ཡོད་པར་རྒྱ་ནག་ཡིད་མ་ཚིམས་པ་ཆེན་པོ་བྱུང་ཡོད་ལ། རྒྱ་གར་གྱི་བྱེད་སྟངས་དེར་ངོ་རྒོལ་མཐའ་ཅིག་ཏུ་ཡོད་ཅེས་བརྗོད་འདུག
ཡང་རྒྱ་གཞུང་གི་མགྲིན་ཚབ་མ་Hua ཡིས། ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ལ་རྒྱབ་གཏོད་བྱེད་པའི་ཁ་བྲལ་བྱ་སྤྱོད་ལ་རྒྱ་གར་ཕྱོགས་ནས་ངོས་འཛིན་གསལ་བོ་བྱས་པའི་ཐོག་ནས་བོད་དོན་ཐོག་རྒྱ་གར་གྱི་སྔོན་ཆད་ཁས་ལེན་བྱས་པ་ཁ་གཏན་ཚིག་ལ་གནས་དགོས་རྒྱུའི་འབོད་སྐུལ་ང་ཚོས་རྒྱ་གར་ལ་བྱེད་བཞིན་ཡོད་ལ། རྒྱ་གར་གྱིས་རྒྱ་ནག་གི་ཁེ་ཕན་ལ་གུས་བརྩི་དང་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་བར་གནོད་སྐྱོན་མི་འགྲོ་བའི་ཐབས་ཤེས་བྱེད་དགོས་ཀྱི་རེད་ཅེས་བརྗོད་འདུག
རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཏཱ་ལའི་བླ་མ་མཆོག་དང་རྒྱ་གར་གྱི་རིག་གཞུང་བློན་ཆེན་Mahesh Sharma མཆོག་རྣམ་གཉིས་ནས་རེས་གཟའ་པ་སངས་ཉིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་མ་ཟད། རེས་གཟའ་ཉི་མའི་ཉིན་ལྷན་ཚོགས་མཇུག་བསྒྲིལ་གྱི་གསུང་བཤད་རྒྱ་གར་གྱི་སྲིད་འཛིན་Pranab Mukherjee མཆོག་གིས་གནང་བའི་སྐབས་་་དྲག་ཟིང་ཆེ་བའི་དེང་སྐབས་ཀྱི་འཛམ་གླིང་ནང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་
གསུངས་པའི་བཀའ་ཁྱབ་སྤེལ་ཞུ་ཡག་དེ་དམིགས་བསལ་འབྲེལ་བ་ཆེན་པོ་ཆགས་ཡོད་པའི་སྐོར་བཀའ་སློབ་གནང་འདུག
དེ་ཙམ་མ་ཟད་རྒྱ་གར་གྱི་སྲིད་འཛིན་Pranabh Mukherjee མཆོག་གིས། སྔ་ལོ་ཕྱི་ཟླ་༡༢ པའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཞན་རྣམ་དང་ལྷན་དུ། སྲིད་འཛིན་གྱི་གཞུང་འབྲེལ་བཞུགས་གནས་སུ་གདན་
ཞུ་གནང་ཡོད་ཅིང་། དེ་ནི་ད་ཕན་ལོ་ངོ་༦༠ ནང་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་རྣམ་གཉིས་ཡོངས་བསྒྲགས་མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།