རྒྱ་ནག་གིས་དབྱིན་ཇིའི་གཞུང་གི་སྙན་ཐོའི་ཐད་ཁོང་ཁྲོ་བྱས་འདུག


2014.04.15
ཀན་ལྷོ་ཁུལ་གྱི་ཁུལ་སྟོན་སྐབས་རྒྱ་ནག་གི་དམག་གིས་སྐོར་བའི་དམ་དྲག་གི་རྣམ་པ། ༢༠༡༣ ཀན་ལྷོ་ཁུལ་གྱི་ཁུལ་སྟོན་སྐབས་རྒྱ་ནག་གི་དམག་གིས་སྐོར་བའི་དམ་དྲག་གི་རྣམ་པ། ༢༠༡༣
པར། བོད་འབྱོར།

དབྱིན་ཇིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོའི་ཐད་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་བྱས་འདུག
དེ་ཡང་དབྱིན་ཇིའི་གཞུང་གིས་གཟའ་འཁོར་སྔོན་མར་ལོ་རེའི་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་གྱི་སྙན་ཐོ་བཏོན་པ་དང་། དེའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ནི་སེམས་འཚབ་འོས་པའི་རང་བཞིན་ཡིན་པ་བརྗོད་པ་དེར་རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་དང་ཁོང་ཁྲོ་ཆེན་པོ་བྱས་འདུག འདི་ནི་རྒྱ་ནག་གིས་དབྱིན་ཇིའི་གཞུང་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་ཐད་བགྲོ་གླེང་བྱ་རྒྱུ་ཕྱིར་འཐེན་བྱས་པའི་ཉིན་གཅིག་གི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།
ལོ་འཁོར་གྱི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་ཐོག་དྲག་ཤུགས་བཙན་གནོན་བྱེད་བཞིན་ཡོད་པ་བརྗོད་ཡོད་ཅིང་། རྒྱ་ནག་གཞུང་གིས་དེ་མ་ཐག་དབྱིན་ཇིའི་གཞུང་དང་སྔོན་ཚུད་ནས་གཏན་འཁེལ་ཟིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཀྱི་ཚོགས་འདུ་ཕྱིར་འཐེན་བྱས་ཡོད་པ་རེད། སྔོན་འཆར་ལྟར་ན་དབྱིན་ཡུལ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཚོགས་འདུ་དེ་ཚེས༡༦གཟའ་ལྷག་པའི་ཉིན་འཚོགས་གཏན་འཁེལ་ཡོད་པ་རེད།
དབྱིན་ཇི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་དེ་མ་འཚོགས་པར་རྒྱུན་རིང་པོ་སོང་ཞིང་། འོན་ཀྱང་སྔ་ལོ་ཕྱི་ཟླ་ ༡༢ པའི་ནང་དབྱིན་ཇིའི་སྲིད་བློན་རྒྱ་ནག་ཏུ་ཕེབས་སྐབས་ཚོགས་དུ་དེ་སླར་ཡང་མཇུག་སྐྱོང་བྱ་རྒྱུར་མོས་མཐུན་བྱུང་བ་ཞིག་ཡིན་པ་རེད།
གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧུ་ཝ་ཆུན་ཡིང་གིས་ དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་དང་ ། ཚིག་རྩུབ་དབྱེ་འབྱེད་ཀྱི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་བྱས་པ་ནི་གཞི་མེད་དང་འགན་འཁུར་མེད་པའི་བྱ་སྤྱོད་ཞིག་ཡིན་པ་བསྙོན་བཙུགས་བྱས་ཡོད་ལ། ད་དུང་མགྲིན་ཚབ་མ་དེས་དབྱིན་ཇིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཁ་ལ་འཁྱེར་ནས་རྒྱ་ནག་རྒྱལ་ནང་གི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་ཐོག་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་སྐད་ཆ་ཤུགས་ཆེ་བཤད་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎