ཆོས་ལུགས་དང་འབྲེལ་བའི་མིང་བཏགས་མི་ཆོག་པའི་བཀག་སྡོམ།


2017.04.27
རྒྱ་ནག་གིས་ཤིན་ཅང་གི་ཧ་ཐེན་ས་གནས་འཇིགས་སྐུལ་རྒོལ་རྡུང་གི་དམག་སྦྱོང་སྐབས། ༢༠༡༧།༢།༢༧ རྒྱ་ནག་གིས་ཤིན་ཅང་གི་ཧ་ཐེན་ས་གནས་འཇིགས་སྐུལ་རྒོལ་རྡུང་གི་དམག་སྦྱོང་སྐབས། ༢༠༡༧།༢།༢༧
AFP

རྒྱ་ནག་གཞུང་གིས་ཤིན་ཅང་གི་ཡུལ་མི་ཚོའི་ཕྲུ་གུར་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་མིང་བཏགས་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པའི་ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ས་ཁུལ་ནང་ཕ་མས་སོ་སོའི་ཕྲུ་གུའི་མིང་ལ་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་མིང་བཏགས་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་འདུག
དེ་ཡང་AP གསར་ཁང་གིས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ས་ཁུལ་ནང་ཕ་མས་ཕྲུ་གུའི་མིང་ལ་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་མིང་བཏགས་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། གནད་དོན་དེ་ནི་ཉེ་བའི་ཆར་གྲངས་ཉུང་ཡུ་གུར་མི་རིགས་ཀྱི་ས་ཁུལ་ནང་མི་དམངས་ཚོའི་འཚོ་བའི་ནང་གི་གནད་དོན་མང་པོའི་ཐད་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་པའི་གནས་ཚུལ་གསར་ཤོས་དེ་ཡིན་པ་རེད།
ཕྱི་རོལ་ཡུ་གུར་ལས་འགུལ་བས་རྒྱ་ནག་གཞུང་གིས་མིང་བཏགས་མི་ཆོག་པའི་བཀོད་ཁྱབ་བཏང་པ་ཞིག་ཡོངས་ཁྱབ་འགྲེམ་སྤེལ་བྱས་པ་དེའི་ནང་། Muhammad དང་། Jihad,  Isam སོགས་བཏགས་མི་ཆོག་པའི་མིང་༢༩ འི་ཐོ་གཞུང་ཞིག་བཏོན་ཡོད་འདུག
ཤར་ཏུར་ཀིསི་ཏན་གྱི་Kashgar གྱི་རྫོང་རིམ་པའི་བདེ་འཇགས་ལས་ཁུངས་ཀྱི་དཔོན་རིགས་ཞིག་གིས། ཆོས་ལུགས་ཀྱི་རྒྱབ་ལྗོངས་ཀྱི་གནད་དོན་གྱི་ཐོག་ནས་མིའི་མིང་ཁ་ཤས་བཀག་བསྡོམས་བྱས་ལུགས་བཤད་ཡོད་པ་རེད།
ཤར་ཏུར་ཀིསི་ཏན་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་མེད་ཐབས་འབད་པ་བྱེད་མཁན་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་གསར་པ་གཙོས་པའི་རྒྱ་ནག་དཔོན་རིགས་ཚོས། དབུས་ཨེ་ཤི་ཡའི་མངའ་ཁུལ་ནས་མཐར་ལྷུང་ཁ་ཆེའི་ཆོས་ལུགས་པའི་ལྟ་བ་སིམ་འཛུལ་བྱེད་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་དང་། འོན་ཀྱང་། ཡུ་གུར་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ས་ཁུལ་དེའི་ནང་ཆོས་ལུགས་ཐོག་དམ་དྲག་བྱེད་བཞིན་པ་དེ་ནི་མཐར་ལྷུང་ཕྱོགས་སུ་ཁ་བསྒྱུར་བྱེད་པའི་རྐྱེན་རྩ་གཙོ་བོ་དེ་ཡིན་པ་བརྗོད་བཞིན་ཡོད་པ་རེད།།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎