གསེར་རྟའི་ནང་ས་ཆ་གཞུང་བཞེས་རྗེས་འཛུགས་སྐྲུན་ལས་གཞི།

2016-08-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གསེར་རྟའི་ནང་གི་གཞུང་ལམ་ཞིག
གསེར་རྟའི་ནང་གི་གཞུང་ལམ་ཞིག
ཀོ་ལོ་རེ་ཌོ་གཙུག་ལག་སློབ་གཉེར་ཁང་།

༄༅།    །ན་ནིང་རྒྱ་གཞུང་གིས་གུན་གསབ་སྒོར་མོ་ཅུང་ཙམ་རེ་སྤྲད་དེ་གསེར་རྟ་ནུབ་ཟུར་ཡུལ་མཚོའི་བོད་མི་རྣམས་ཀྱི་ས་ཆ་གཞུང་བཞེས་བཏང་རྗེས་ད་ཆ་འཛུགས་སྐྲུན་གྱི་ལས་གཞི་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད་འདུག
དེ་ཡང་བལ་ཡུལ་དུ་ཡོད་པའི་ང་ཚོའི་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གིས་གྲོང་ཁྱེར་གསར་པ་འཛུགས་སྐྲུན་ཞེས་པའི་ལས་འཆར་འོག་དཔལ་འབྱོར་འཛུགས་སྐྲུན་གྱི་ཆེད་དུ་གསེར་རྟ་རྫོང་ནས་རྒྱང་ཐག་སྤྱི་ལེ་༢༠ལྷག་གི་སར་གནས་པའི་ནུབ་ཟུར་ཡུལ་མཚོའི་སྟེང་གི་བོད་མི་ཚོའི་ས་ཆ་སྤྱི་ལེ་ལྔ་ཡོད་པ་ཞིག་ལ་བཙན་དབང་གིས་གོང་རིན་སྒོར་མོ་འགའ་རེ་སྤྲད་དེ་གཞུང་བཞེས་བཏང་ཡོད་པ་དང་།  དེ་བཞིན་ཁུལ་དེའི་བོད་མི་ཚོར་འདོད་པ་མེད་བཞིན་དུ་ཁོང་ཚོའི་སྡོད་ཁང་རེ་རེ་ལ་དམངས་སྒོར་ཁྲི་འགའ་རེ་སྤྲད་ནས་ད་ཆ་གཞུང་གི་འཆར་འགོད་ལྟར།  ལས་གཞི་གསར་པའི་འཛུགས་སྐྲུན་འགོ་འཛུགས་བྱས་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱི་ཁྲོད་ནས་འབྱོར་བ་ཡོད་མེད་རིགས་གཉིས་ཡོད་པའི་ཁོངས་སུ་དཔལ་འབྱོར་གྱི་རྒྱབ་རྟེན་ལེགས་པོ་མེད་མཁན་དག་གིས་སྔར་བཞིན་རང་རང་གི་ས་ཆའི་སྟེང་སྡོད་གུར་འདྲ་བརྒྱབ་ནས་བསྡད་ཡོད་ཅིང་། ཁོང་ཚོའི་སྡོད་ཁང་ཚང་མ་གཏོར་བཤིག་བྱས་ཡོད་པ་རེད། ཡང་མང་ཚོགས་ལ་ལར་སྲིད་གཞུང་གི་སྤྲད་པའི་སྒོར་མོ་འགའ་ཡོད་པ་དེས་འཚོ་ཐབས་ཀྱི་ཆེད་དུ་རྫོང་ཐོག་ཏུ་ཇ་ཁང་འདྲ་གཉེར་ནས་བསྡད་ཡོད་པའི་སྐོར་མིང་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་མི་སྣ་ཤིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།