སྲོག་ཁྲིམས་ཀྱི་ནག་ཉེས་ཁག་དགུ་མེད་པ་བཟོ་རྒྱུར་བསམ་གཞིགས།


2014.10.27
རྒྱ་ནག་གཞུང་གིས་སྲོག་ཁྲིམས་གཅོད་བཞིན་པའི་རྣམ་པ་ཞིག རྒྱ་ནག་གཞུང་གིས་སྲོག་ཁྲིམས་གཅོད་བཞིན་པའི་རྣམ་པ་ཞིག
དྲ་བཤུས་པར་ཚགས

རྒྱ་ནག་གཞུང་གིས་སྲོག་ཁྲིམས་ཀྱི་ནག་ཉེས་ཁག་དགུ་མེད་པ་བཟོ་རྒྱུར་བསམ་གཞིགས་བྱ་རྒྱུ་ཡིན་པ་རེད་འདུག
དེ་ཡང་རྒྱ་ནག་གཞུང་གིས་སྲོག་ཐོག་ཉེས་ཁྲིམས་ཁག་དགུ་ཙམ་ལ་བཟོ་བཅོས་བྱ་རྒྱུར་བསམ་གཞིགས་བྱེད་བཞིན་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་གཞུང་ཕྱོགས་ནས་བཤད་རྒྱུར། དེ་ནི་དབང་འཛིན་དམར་ཤོག་ཚོགས་པས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་རྒྱུའི་གཞི་རྒྱ་ཆེ་བའི་བསྒྱུར་བཅོས་གཏོང་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུང་ན། རྒྱ་ནག་ནི་འཛམ་གླིང་ཐོག་བཙོན་པ་སྲོག་ཁྲིམས་གཅོད་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན་པ་དང་། ལྟག་ལོག་རྒྱབ་མི་ནུས་པའི་ཁྲིམས་བཤེར་དྲང་པོ་མེད་པ་དེར་སྤྱི་དམངས་ནས་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་གསུང་འདུག རྒྱ་ནག་གི་གསར་འགྱུར་ནང་འཁོད་དོན། ད་རེས་ཉེས་ཁྲིམས་བཟོ་བཅོས་བྱ་རྒྱུའི་གཙོ་གནད་གཅིག་ནི་སྲོག་ཁྲིམས་གཅོད་རྒྱུའི་ནག་ཉེས་རིགས་རིམ་བཞིན་ཉུང་དུ་གཏོང་རྒྱུ་དེ་ཡིན་པ་དང་། ཟིན་བྲིས་འཆར་ཟིན་དེའི་ནང་རྒྱུ་ནོར་མགོ་སྐོར་གཏོང་བའི་ཉེས་པ་ཟེར་བ་སོགས་ཉེས་ཁྲིམས་ཁག་དགུར་ལེགས་སྒྲིག་བྱས་ནས་སྲོག་ཁྲིམས་གཅོད་རྒྱུ་མེད་པ་བཟོ་གི་ཡོད་ལུགས་བཀོད་པ་རེད། ཁག་དགུ་པོ་དེ་དག་ནི་འབར་རྫས་སོགས་གོ་མཚོན་ནག་ཚོང་རྒྱབ་པའི་ཉེས་ཁྲིམས་དང་། དངུལ་ལོར་རྫུན་མ་ཉོ་ཚོང་བྱས་པ། དངུལ་ལོར་རྫུན་མ་བཟོས་པ། རྒྱུ་ནོར་མགོ་སྐོར་བཏང་པ། བཤང་ཁང་བཙུགས་པ། བཙན་དབང་བྱས་ནས་སྨད་ཚོང་བྱེད་བཅུག་པ། དམག་དོན་ལས་འགན་ལ་བཀག་བསྡོམས་བྱས་པ། དམག་འཁྲུག་སྐབས་མང་ཚོགས་ལ་དཀྲོག་གཏམ་བཤད་པ་བཅས་ཉེས་ཁྲིམས་ཁག་དགུ་པོ་དེ་དག་ཡིན་པ་རེད།
རྒྱལ་སྤྱིའི་ཐོག་སྲོག་ཁྲིམས་གཅོད་རྒྱུར་ངོ་རྒོལ་བྱས་པའི་ཤུགས་རྐྱེན་འོག་ཉེ་བའི་ལོར་རྒྱ་ནག་ནང་སྲོག་ཁྲིམས་གཅོད་རྒྱུ་ཕྲན་བུ་ཉུང་དུ་ཕྱིན་ཡོད། Dui Hua Foundation ཞེས་པའི་ཨ་རིའི་ནང་ཡོད་པའི་ཐེབ་རྩ་ཚོགས་པ་དེའི་སྤྱི་བསྒྲགས་གཞིར་བཟུང་ན་འདས་པའི་ལོ་བཅུའི་ནང་རྒྱ་ནག་ནང་སྲོག་ཐོག་གཏོང་ཡས་ཉུང་དུ་ཕྱིན་ཡོད་སྐོར་འཁོད་ཡོད་པ་རེད། འོན་ཀྱང་སྲོག་ཁྲིམས་ལ་ངོ་རྒོལ་གནང་མཁན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འགའ་ཞིག་གིས་གསུང་ན། རྒྱ་ནག་ནང་ལོར་ལྟར་སྲོག་ཁྲིམས་བཅད་པའི་གྲངས་འབོར་ནི་འཛམ་གླིང་ཡོངས་ནས་མི་སྲོག་ཐོག་གཏོང་བའི་གྲངས་ཀ་མང་ཤོས་དེ་རེད་གསུང་གི་ཡོད་པ་རེད།
གླེང་མོལ་ཐེབས་རྩ་ཚོགས་པའི་ཞིབ་འཇུག་སྙན་ཐོ་ལྟར་ན། ཕྱི་ལོ་༢༠༡༣ ལོར་རྒྱ་གཞུང་གིས་སྲོག་ཁྲིམས་བཅད་པའི་ཉེས་ཅན་གྱི་གྲངས་འབོར་དེ་རྒྱལ་ཁབ་གཞན་དག་གི་བསྡོམས་འབོར་ལས་མང་བ་ཡོད་ལུགས་བསྒྲཊ་པ་ལྟར། འདས་ལོར་རྒྱ་གཞུང་གིས་ཁྱོན་མི་གྲངས་༢༤༠༠ ལ་སྲོག་ཁྲིམས་བཅད་ཡོད་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎